logo

ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་ལུས་རྩལ་འགྲན་ཚོགས་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-30 ཀློག་གྲངས།:

ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་ལུས་རྩལ་འགྲན་ཚོགས་བསྡུས།

      ཉེ་ལམ། སློབ་མའི་ལུས་པོ་སྦྱོང་བརྡར་དང་དེང་རབས་སློབ་མའི་རྣམ་པ་ངོམ་པར། དཔྱིད་ཀྱི་དཔལ་མོ་དལ་གྱིས་སླེབས་པའི་དུས་འདིར། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་ཁམས་བདེའི་ཉམས་སྣང་ཞེས་པའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བ་དང2014ལོའི་དཔྱིད་ཚིགས་ལུས་རྩལ་འགྲན་ཚོགས་དུས་ཡུན་ཉིན་གཉིས་ལ་བསྡུས་པ་རེད།

      ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ་སྐྱེས་པ་དང་སྐྱེས་མའི་སྨི60དང་སྨི400ཡི་འགྲན་རྒྱུག་དང་། རྒྱང་མཆོང་སོགས་ལུས་རྩལ་རྣམ་གྲངས་དུ་མ་འདུས་ཤིང་། འགྲན་བསྡུར་གོ་རིམ་ཧྲིལ་བོར། སློབ་མ་རྣམས་སྤྲོ་བ་ཆེན་པོས་ཞུགས་པ་དང་འགྲན་བསྡུར་ཡུལ་དངོས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས།


འབྲེལ་ཡོད་འོས་སྦྱོར།