སྲོལ་རྒྱུན་གྱི་རིག་གནས་ཏེ་སྤོ་བྲོ་ཞེས་པ་བོད་ལྗོངས་སྤོ་མེས་སློབ་རར་དར་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-28
ཀློག་གྲངས།:

སློབ་མ་རྣམས་ཀྱིས་སློབ་གསེང་སྐབས་སུ་སྤོ་བྲོ་སྦྱོང་བཞིན་པ།
སློབ་མ་རྣམས་ཀྱིས་སློབ་གསེང་སྐབས་སུ་སྤོ་བྲོ་སྦྱོང་བཞིན་པ།
སྤོ་བྲོ་ནི་བོད་ལྗོངས་སྤོ་མེས་རྫོང་གི་སྲོལ་རྒྱུན་གྱི་གཞས་བྲོའི་རྣམ་པ་ཞིག་ཡིན་ཞིང་། མི་དམངས་མང་ཚོགས་ཀྱིས་གཞས་བྲོ་འདིར་བརྟེན་ནས་ལོ་ཕྱུགས་འཕེལ་བ་དང་བསྐལ་བ་ལེགས་པོ་ཤར་པའི་བཀྲ་ཤིས་སྨོན་འདུན་བརྗོད་པ་ཡིན། སྤོ་བྲོ་ལ་ད་ལྟའི་བར་དུ་ལོ་ངོ1000ལྷག་གི་ལོ་རྒྱུས་ལྡན་ལ། 2007ལོར་སྤོ་བྲོ་དེ་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་ལས་གཞིའི་ཁྲོད་བདམས་པ་རེད།
བོད་ལྗོངས་ཉིང་ཁྲིའི་སྤོ་མེས་རྫོང་གིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྤེལ་བྱ་ཆེ་སྤོ་བྲོ་སློབ་རར་སྤེལ་པའི་སྲིད་ཇུས་ལག་བསྟར་བྱས་ནས། དམངས་ཁྲོད་དུ་སྒྱུ་རྩལ་པ་རྒན་པ་གདན་འདྲེན་ཞུས་ནས་སློབ་ཁྲིད་བྱེད་ཀྱིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
