གམ་པ་རྫོང་སློབ་འབྲིང་གིས་ལྷ་ཆེན་ཟངས་རྭ་ཞེས་པའི་སློབ་གྲྭའི་རིག་རྩལ་འགྲན་སྡུར་གྱི་བྱེད་སྒོ་སྤེལ་པ།

གམ་པ་རྫོང་སློབ་འབྲིང་གིས་ལྷ་ཆེན་ཟངས་རྭ་ཞེས་པའི་སློབ་གྲྭའི་རིག་རྩལ་འགྲན་སྡུར་གྱི་བྱེད་སྒོ་སྤེལ་པ། 
གམ་པ་རྫོང་སློབ་འབྲིང་གིས་ལྷ་ཆེན་ཟངས་རྭ་ཞེས་པའི་སློབ་གྲྭའི་རིག་རྩལ་འགྲན་སྡུར་གྱི་བྱེད་སྒོ་སྤེལ་པ།
ཉེ་ཆར། བོད་ལྗོངས་གཞིས་རྩེ་ས་གནས་གམ་པ་རྫོང་སློབ་འབྲིང་གིས་སློབ་མ་ཚོས་ངའི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་གྱི་བརྗོད་བྱ་གཙོར་བྱས་པའི་ལྷ་ཆེན་ཟངས་རྭ་ཞེས་པའི་སློབ་གྲྭའི་རིག་རྩལ་འགྲན་བསྡུར་བྱེད་སྒོ་སྤེལ་པ་རེད།
བྱེད་སྒོ་ནི་སློབ་གྲྭ་དེའི་བོད་ཡིག་སློབ་དཔྱོད་ཁང་གིས་སྒྲིག་འཛུགས་བྱས་པ་ཞིག་ཡིན་ཞིང་བོད་ཡིག་སྙན་ངག་སྒྲོག་སྦྱངས་དང་ཡིག་གཟུགས། རིག་རྩལ་སོགས་ཟུང་འབྲེལ་བྱས་ཏེ་འགྲན་སྡུར་བྱེད་སྒོ་སྤེལ་བ་ཡིན་པས་དགེ་སློབ་མི་གྲངས460ལྷག་ཙམ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
བྱེད་སྒོའི་ནང་སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ་ཁག་གི་འཐུས་མི་ཚོས་རང་སོ་སོའི་མིག་མཐོང་ལག་ཟིན་གྱི་དོན་དངོས་བྱ་སྤྱོད་དང་ཟུང་འབྲེལ་གྱིས་གསོན་ཉམས་ལྡན་པའི་སྒོ་ནས་ཀྲུང་གོའི་ཕུགས་འདུན་མཚོན་པའི་གཏམ་བཤད་སྤེལ་ཏེ་མཛེས་སྡུག་ལྡན་པའི་ཕུགས་འདུན་བཟང་པོ་མཚོན་ཅི་ཐུབ་བྱས་པར་མ་ཟད། སློབ་མ་ཚོས་མེས་རྒྱལ་ལ་དགའ་ཞེན་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་སྙིང་སྟོབས་ཀྱང་མངོན་པ་རེད།
