logo

སོག་ཡིག་གི《བཀའ་བསྟན》དེ་ལོ་བཅོ་ལྔར་བསྒྲིགས་ནས་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-15 ཀློག་གྲངས།:
  ཉེ་ཆར། བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་ཆེན་མོ་སྟེ《བཀའ་བསྟན》གྱི་སོག་ཡིག་པར་གཞིའི་མྱུར་སྐྱོབ་རང་བཞིན་གྱི་འདྲ་དཔར་དཔེ་བསྐྲུན་ལས་གྲྭ་དེ་ལོ་ངོ་བཅོ་ལྔ་བརྒྱུད་ནས་ལེགས་འགྲུབ་བྱུང་བ་རེད།
  སོག་ཡིག་གི《བཀའ་བསྟན》ནི《ཀྲུང་ཧྭའི་བཀའ་བསྟན》གྱི་བོད་ཡིག་པར་གཞི་ཡིན་ཞིང་། སོག་ཡིག་གི《བཀའ་བསྟན》དེ་ཁྱོན་བསྡོམས་པོད་བཞི་བརྒྱ་རུ་བསྒྲིགས་ཡོད་ཅིང་། དེའི་ཁྲོད《བཀའ་འགྱུར》དང་། 《བསྟན་འགྱུར》།《ཙོང་ཁ་བའི་གསུང་རྩོམ་ཕྱོགས་བསྒྲིགས》སོགས་བསྡུས་བསྒྲིགས་བྱས་ཡོད་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་སོག་ཡིག་གི《བཀའ་འགྱུར》དེ་ཆིན་རྒྱལ་རབས་ཀྱི་གོང་མ་ཁཱང་ཞིའི་སྐབས་སུ་ཤིང་དཔར་པར་བསྐྲུན་བྱས་པ་དང་། སོག་ཡིག་གི《བསྟན་འགྱུར》དེ་ཆིན་རྒྱལ་རབས་ཀྱི་གོང་མ་ཆཱན་ལུང་སྐབས་སུ་ཤིང་དཔར་པར་བསྐྲུན་བྱས། མིག་སྔར་འཛམ་གླིང་སྟེང་སོག་ཡིག་གི《བསྟན་འགྱུར》གསུམ་ཡོད་ལ། སོག་པོའི་རྒྱལ་ཁབ་ཀྱི་ཝུའུ་ལན་པཱ་ཐའོ་དཔེ་མཛོད་ཁང་དང་ནང་སོག་དཔེ་མཛོད་ཁང་། ནང་སོག་སྤྱི་ཚོགས་ཚན་རིག་གླིང་གི་ཆ་འཕྲིན་ལྟེ་གནས་སུ་ཉར་ཡོད་པ་རེད།
  ཉེ་བའི་ལོ་ངོ་སུམ་ཅུའི་ནང་རྒྱ་ཡིག་དང་། བོད་ཡིག མན་ཇུའི་ཡིག་སོགས་ཀྱི《བཀའ་བསྟན》དེ་བསྟུད་མར་ལེགས་བསྒྲིགས་པར་བསྐྲུན་བྱས་ཤིང་། ད་ལྟ་གསར་དུ་པར་བསྐྲུན་བྱས་པའི་སོག་ཡིག་གི《བཀའ་བསྟན》ནང་གི《བཀའ་འགྱུར》དང《བསྟན་འགྱུར》ལ་སོག་ཡིག་དང་། མན་ཇུའི་ཡིག བོད་ཡིག  རྒྱ་ཡིག་བཅས་ཡིག་རིགས་བཞིའི་ཤན་སྦྱར་དཀར་ཆག་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།