པདྨ་ཚེ་བརྟན་གྱི་བརྩམས་ཆོས་འགྲེམ་སྟོན་དང་རྩོམ་རིག་གློག་བརྙན་གླེང་མོལ་སྤེལ་བ།

པདྨ་ཚེ་བརྟན་གྱི་བརྩམས་ཆོས་འགྲེམ་སྟོན་དང་རྩོམ་རིག་གློག་བརྙན་གླེང་མོལ་སྤེལ་རྒྱུ།
ཟླ4བའི་ཚེས9ཉིན་གྱི་ཕྱི་དྲོར། ཧྭ་ཆོད་ཁྲིན་གསར་སྐྲུན་རིག་གནས་གླིང་གིས་གཙོ་སྒྲུབ་གནང་བའིOCT-LOFT ལྗིད་པོ་བཏེགས་ཀྱང་ཡང་སྣང་ཤར་བའི་རིག་གནས་སྒྱུ་རྩལ་གློག་བརྙན་གཟིགས་འབུལ་གྱི་དུས་རིམ་གསུམ་པ་སྟེ་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བརྩམས་ཆོས་འགྲེམ་སྟོན་དང་རྩོམ་རིག་དང་གློག་བརྙན་གསར་རྩོམ་གྱི་གླེང་མོལ་ཞེས་པའི་བྱེད་སྒོ་དེ་རྒྱ་ནང་ཧྲིན་ཀྲིན་གྲོང་ཁྱེར་གྱི་གསར་སྐྲུན་གླིང་གའི་བྱུང་ཁུལB10རུ་དངོས་སུ་མགོ་བརྩམས་པ་དང་། འཁྲབ་ཁྲིད་པ་ཁོ་རང་ཉིད་ཐེངས་འདིའི་བྱེད་སྒོར་ཞུགས།

པདྨ་ཚེ་བརྟན་གྱི་བརྩམས་ཆོས་འགྲེམ་སྟོན་དང་རྩོམ་རིག་གློག་བརྙན་གླེང་མོལ་སྤེལ་རྒྱུ།
དེར་མ་ཟད། སྤྱི་ཟླ4བའི་ཚེས9ནས་ཚེས10བར་གྱི་ཕྱི་དྲོའི་ཆུ་ཚོད15:00དང་དགོང་མོའི་ཆུ་ ཚོད19:30དག་བེད་སྤྱད་དེ་རྒྱུན་མུས་སུ་ཉིན་གཉིས་རིང་ལ་འཁྲབ་ཁྲིད་པ་ཁོང་གི་ བརྩམས་ཆོས་དག་འགྲེམ་པར་བརྒྱུད། རྩོམ་རིག་དང་གློག་བརྙན་གསར་རྩོམ་ཐད་ཀྱི་གླེང་མོལ་བྱེད་པ་རེད།
