logo

དགེ་རྒན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་བློས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་དཔེ་ཁྲིད་གནང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-26 ཀློག་གྲངས།:

博士生导师多识教授受邀西南民大讲传藏族十明文化
དགེ་རྒན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གིས་དཔེ་ཁྲིད་གནང་བཞིན་པ།

  ཟླ3པའི་ཚེས18ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་དུ་བོད་ཀྱི་རིག་གནས་འཆམ་མཐུན་རྒྱང་བཞུད་མུ་འབྲེལ་རིག་གཞུང་འཆད་ཁྲིད་ཞེས་པའི་བྱ་འགུལ་སྤེལ་འགོ་བརྩམས་ཤིང་།  ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་དགེ་རྒན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གདན་ཞུ་ལྟར་སློབ་གྲྭ་དེ་གར་ཕེབས་ནས་རིག་གཞུང་དཔེ་ཁྲིད་གནང་།
  དགེ་རྒན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གིས་སྒྲ་རིག་པ་དང་། ཚད་མ་རིག་པ། ནང་དོན་རིག་པ་སོགས་རིག་གནས་ཆེ་ཆུང་བཅུ་དང་འབྲེལ་ནས་དཔེ་ཁྲིད་རྒྱ་ཆེན་པོ་གནང་ཞིང་། བྱེ་བྲག་ཏུ་དྲང་ངེས་རྣམ་འབྱེད་སོགས་ཀྱི་ཐད་ནས་ཁ་གསལ་ཞིང་དོན་འདུས་པའི་སྒོ་ནས་སློབ་གྲྭ་དེ་གའི་དགེ་སློབ་རྣམས་ལ་དཔེ་ཁྲིད་གནང་བ་རེད།


དགེ་སློབ་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་ཁྲིད་ལ་ཉན་བཞིན་པ།

  རྒྱུས་ལོན་བྱུང་བ་ལྟར་ན་ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དང་སློབ་གྲྭའི་སློབ་དོན་ཁྲུའུ། ཞིབ་འཇུག་སློབ་མའི་སློབ་གླིང་བཅས་ཀྱིས་མཉམ་དུ་སྒྲུབ་ཀྱིན་པའི་བོད་ཀྱི་རིག་གནས་འཆམ་མཐུན་རྒྱང་བཞུད་ཞེས་པའི་མུ་འབྲེལ་རིག་གཞུང་འཆད་ཁྲིད་དེ2009ལོར་འགོ་བརྩམས་པ་ནས་ད་ལྟའི་བར་དུ་ཐེངས4ལ་བསྒྲུབས་པ་རེད།
 


འབྲེལ་ཡོད་འོས་སྦྱོར།