ཚྭ་འདམ་བུམ་པ་རྟགས་མའི་དྲ་རྩོམ་འགྲན་སྡུར་སྐབས་གཉིས་པ་སྤེལ་བའི་བརྡ་ཁྱབ།
རྩོམ་པ་པོ།:ཀུན་གྲགས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-21
ཀློག་གྲངས།:
2012ལོར་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་དྲ་རྩོམ་འགྲན་སྡུར་སྐབས་དང་པོ་སྤེལ་བ་ནས་བཟུང་། རྩོམ་རིག་ལ་དུང་སེམས་ཆེ་བའི་རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་དགའ་མགུ་ཡི་རངས་ཐོབ་བཞིན་ཡོད། དེ་བས་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་བཞིན་པའི་ཚྭ་འདམ་བོད་ཡིག་དྲ་ཚིགས་ཀྱིས་མ་འོངས་པའི་མདུན་ལྗོངས་འོད་སྟོང་ལྡན་པ་དང༌། དྲ་བའི་ལེ་ཚན་ཕུན་སུམ་ཚོགས་པར་གཏོང་བར་སྲིད་འབྱོར་རིག་གསུམ་གྱི་ནང་སྙིང་ལྡན་པའི་ཆ་འཕྲིན་གཙང་མ་ཆོལ་གསུམ་ཀུན་ཏུ་ཁྱབ་སྤེལ་ཐུབ་པ་དང་། ནམ་ཡང་དྲ་ཚིགས་འདི་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་གིན་པའི་རྒྱ་ཆེའི་ཀློག་པ་པོ་གང་མང་ལ་སྐུལ་སློང་བྱེད་ཆེད། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་ཁྱད་མཚར་བའི་ཚྭ་འདམ་ཞེས་པ་བརྗོད་བྱ་ཡིན་པའི2014ལོའི་ཚྭ་འདམ་བུམ་པ་རྟགས་མའི་དྲ་རྩོམ་འགྲན་སྡུར་སྐབས་གཉིས་པ་སྤེལ་རྒྱུ་ཡིན།
འགྲན་ཞུགས་རྩོམ་ཡིག་གི་བརྗོད་བྱ་ནི་བོད་ཁུལ་གྱི་སྲིད་འབྱོར་རིག་གསུམ་གྱི་འཕོ་འགྱུར་དང་འཚོ་བའི་འགྱུར་ལྡོག ཡུལ་སྲོལ་གོམས་གཤིས་བཅས་ལེགས་པོར་མཚོན་པའི་ལྷུག་རྩོམ་དང་འབོལ་རྩོམ་ཡིན་དགོས་ཤིང་། ཡིག་འབྲུ་གཏན་ཁེལ་མེད་པར་བསྐུར་ཆོག བརྩམས་ཆོས་ཀྱི་མཇུག་ཏུ་རྩོམ་པ་པོ་རང་རང་གི་མིང་དང་ས་གནས། འབྲེལ་གཏུག་ཁ་པར་བཅས་གསལ་བོར་འབྲི་དགོས།
ཐེངས་འདིའི་བྱ་དགའི་ཐད་ནས་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་རྩོམ་རིག་ལ་མཁས་པའི་འབྲེལ་ཡོད་མི་སྣ་རེ་གཉིས་དཔྱད་འདེམས་པར་གདན་འདྲེན་ཞུ་བ་བརྒྱུད་ནས། ཨང་དང་པོ་ཅན་གཅིག་དང་ཨང་གཉིས་པ་ཅན་གཉིས། ཨང་གསུམ་པ་ཅན་གསུམ། རྟིང་སྐུལ་བྱ་དགའ་བཞི། བསྡོམས་པས་མི10བདམ་རྒྱུ་ཡིན། ཨང་དང་པོར་སྒོར1000དང་ཨང་གཉིས་པར་སྒོར800། ཨང་གསུམ་པར་སྒོར600། རྟིང་སྐུལ་བྱ་དགའ་སྒོར200བཅས་ཀྱི་གཟེངས་བསྟོད་བྱ་དགའ་སྟེར་རྒྱུ་ཡིན། ད་ལོའི་སྤྱི་ཟླ6པའི་ནང་དུ་ཚྭ་འདམ་བོད་ཡིག་དྲ་ཚིགས་བཙུགས་ནས་ལོ་འཁོར་གསུམ་ལོན་པའི་བགྲོ་གླེང་ཚོགས་འདུ་དང་ལྷན་དུ་འགྲན་ཞུགས་རྩོམ་ཡིག་ཡོངས་ལ་བྱ་དགའ་གནང་རྒྱུ་ཡིན།
རྩོམ་ལུས། ལྷུག་རྩོམ་དང་འབོལ་རྩོམ།
ཡིག་གཟུགས། ཧི་གཟུགས།
རྩོམ་བསྡུའི་དུས་ཡུན། སྤྱི་ལོ2014ལོའི་ཟླ3པའི་ཚེས20ནས2014ལོའི་ཟླ5པོའི་ཚེས30བར་ཡིན།
བསྐུར་ཡུལ། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་།
འབྲེལ་གཏུག་བྱེད་ས། ཀུན་གྲགས། 13897777713
ཡིག་སྒམ། 251343304@qq.com

འབྲེལ་ཡོད་འོས་སྦྱོར།