logo

རྩོམ་རིག་ལོ་དེབ《ཕྲེང་བ་དམར་པོ》འདོན་ཐེངས་བཞི་བ་པར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-14 ཀློག་གྲངས།:


རྩོམ་རིག་ལོ་དེབ《ཕྲེང་བ་དམར་པོ》འདོན་ཐེངས་བཞི་བ་པར་བསྐྲུན་འགྲེམ་སྤེལ་བྱས།

      ཉེ་ཆར། རྩོམ་རིག་ལོ་དེབ《ཕྲེང་བ་དམར་པོ》འདོན་ཐེངས་བཞི་བ་བདེ་ལེགས་ངང་པར་བསྐྲུན་འགྲེམ་སྤེལ་བྱེད་ཐུབ་པ་བྱུང་། དེབ་འདི་ནི་རྨ་ཡུལ་ཁྲི་ཀའི་སྟག་རིག་སྟག་དམར་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བཞིན་པའི་འབོལ་རྩོམ་གཙོར་བཟུང་བའི་དམངས་སྲོལ་དེབ་ཅིག་ཡིན།
      ད་ལོར་སྔོན་དེབ་དང་མི་མཐུན་པ་ཞིག་ལ་བོད་སྡེ་འདི་གས་རྒན་བཀུར་ལོ་སར་སྤེལ་ནས་ལོ་འཁོར༡༠འགོར་བའི་ཆེད་སྒྲིག་ལེ་ཚན་ཞིག་ཁ་སྣོན་བགྱིས་ཏེ་མེས་པོའི་སྲོལ་བཟང་ཉམས་ལེན་དང་སྤྱོད་བཟང་དར་སྤེལ་ལ་རྔོ་ཐོགས་པའི་རྒྱུ་རུ་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ། དཔར་གྲངས་ཇེ་མང་དུ་བཏང་བའི་མི་ཚད། སློབ་གྲྭ་དང་དགོན་པ། སྨན་ཁང་། སྤྱི་ཚོགས་ཐོག་གི་ཤེས་ཡོན་པ་བཅས་སུ་འགྲེམ་སྤེལ་བྱས་ཡོད།


དཀར་ཆག

      རེབ་འདིའི་རྩོམ་པ་པོ་ཡོངས་ལ་སྦྲགས་སྲིད་ཁང་བརྒྱུད་དེ་དུས་དེབ་རེའི་ལེགས་སྐྱེས་ཆུང་ཆུང་གི་མགྲིན་དུ་བསྐུར་ཡོད་པས། མི་འགྱངས་པར་ལག་སོན་འབྱུང་ངེས། སླད་མར་བོད་ཁུལ་གྱི་སྨྱུག་ཐོགས་པ་ཡོངས་ཀྱིས་ད་ལྟའི་སྤྱི་ཚོགས་ཐོག་ཁ་ཚ་དགོས་གཏུགས་སུ་གྱུར་བའི་གནད་དོན་དག་འབོལ་རྩོམ་གྱི་རྣམ་པ་དང་ཉམས་དམས་སུ་འགྲོ་བཞིན་པའི་དམངས་སྲོལ་རིག་གནས་སམ་ཡུལ་སྲོལ་ངོ་སྤྲོད་སོགས་ཀྱི་བརྩམས་ཆོས་བསྐུར་གནང་ཡོང་བར་རེ་ཞིང་སྒུག་ཡོད།
བསྐུར་ཡུལ། མཚོ་སྔོན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ སྟག་རིག་འབྲུག་ཐར།
Email:dourebook@163.com
འབྲེལ་གཏུག་ཁ་པར་ཨང་གྲངས།   13639749822དང་ཡང་ན15597633626
青海省海南州贵德县民族寄宿制学校  811700    斗热•周太


འབྲེལ་ཡོད་འོས་སྦྱོར།