logo

ཆུ་ཐིགས་བོད་ཡིག་འཕྲུལ་དེབ་ཁང་གི་ཆུ་ཐིགས་དེབ་ཕྲེང་གསུམ་པ་བཀྲམ་པ།

རྩོམ་པ་པོ།:ཆུ་ཐིགས་བོད་ཡིག་འཕྲུལ་དེབ་ཁང་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-08 ཀློག་གྲངས།:


  རྒྱ་ཆེའི་ཀློག་པ་བོ་དང་སྙུག་ཐོགས་པ་ལྷན་རྒྱས།
  ཁམས་བདེ།  ལོ་ཟླ་གང་མང་གི་འཁོར་སྐྱོད་གསེབ་ནས། ངེད་ཆུ་ཐིགས་བོད་ཡིག་འཕྲུལ་དེབ་ཁང་གི་དེབ་ཕྲེང་གསུམ་པ་ཁྱེད་ཅག་གི་སྤྱན་སྔར་བསྟར་ཐུབ་སོང་།  ང་ཚོ་དང་རྩོམ་པ་བོ་གཉིས་ཀའི་ཆ་ནས་ནོར་འཁྲུལ་གང་མང་ཡོད་པ་གདོན་མི་ཟ། དེ་བས་ཚང་མར་དགོངས་འགལ་མེད་པར་ཞུ་ལ། ང་ཚོས་ཀྱང་རྒྱ་ཇེ་ཆེ་དང་སྤུས་ཇེ་ལགས་སུ་གཏོང་ཅི་ཐུབ་བྱེད་ཀྱིན་ཡོད། 
  གསལ་བཤད་ཅིག་ལ། ང་ཚོས་བོད་ཁུལ་དུ་སྐད་གྲགས་ཀྱིས་ཆོད་པའི་མཁས་ཆེན་དམ་པ་དག་གི་བརྩམས་ཆོས་འཕྲུལ་དེབ་ཏུ་མི་ཕབ་དོན་ནི། རྩོམ་པ་བོ་གང་མང་ཞིག་ལ་མིང་སྐམ་དང་ངོ་སོ་གང་ཡང་མེད་པས།  རང་གི་ལོ་ངོ་དུ་མའི་རིང་གི་བརྩམས་ཆོས་ཉལ་སར་ལྷུང་འདུག  དེ་བས་ང་ཚོས་ཁོ་ཚོར་གར་སྟེགས་ཙམ་བསྐྲུན་པའམ་རོགས་སྐྱོར་ཙམ་བྱས་པ་ལགས།
     ཐེངས་འདིར་བསྡོམས་པས་འཕྲུལ་དེབ་ཉི་ཤུ་རྩ་ལྔ་ཡོད།


འབྲེལ་ཡོད་འོས་སྦྱོར།