logo

བོད་ལྗོངས་སུ་དཔེ་རྙིང་སྲུང་སྐྱོབ་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཁང་བཙུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-21 ཀློག་གྲངས།:


བོད་ལྗོངས་རིག་གནས་ཐིན་གྱི་འགོ་གཙོ་ཉི་མ་ཚེ་རིང་ལགས་ཀྱིས་དཔེ་རྙིང་སྲུང་སྐྱོབ་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་གདན་ཞུ་ཡི་གེ་གནང་བ།
西藏古籍保护中心色昭办公室在色拉寺揭牌
ལས་བྱེད་མི་སྣས་བོད་ཡིག་དཔེ་རྙིང་ལེགས་སྒྲིག་བྱེད་ཀྱིན་པ།

  ཟླ2པའི་ཚེས20ཉིན། བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་སེ་གཙུག(སེ་ར་དགོན་དང་གཙུག་ལག་ཁང)གཞུང་ལས་ཁང་གི་སྒོ་བྱང་འགེལ་བ་དང་བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་གདན་ཞུས་ལས་བསྐོས་ཀྱི་མཛད་སྒོ་དེ་ལྷ་སའི་སེ་ར་དགོན་དུ་བསྡུས་པ་རེད།
  བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཁང་ནི་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་གསོ་རིག་སློབ་གླིང་། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་སོགས་ལས་ཁུངས29ཡི་བོད་ཡིག་དཔེ་རྙིང་ཐད་ཀྱི་ཆེད་མཁས་ལས་གྲུབ་པ་ཡིན་ཞིང་། གཙོ་བོ་རང་སྐྱོང་ལྗོངས་ཡོངས་ཀྱི་དཔེ་རྙིང་སྲུང་སྐྱོབ་འཆར་འགོད་དང་། དཔེ་རྙིང་ཁྱབ་བཤེར་བྱ་བའི་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ།རང་སྐྱོང་ལྗོངས་ཀྱི་དཔེ་རྙིང་སྲུང་སྐྱོབ་གི་ལས་ཁུངས་གཙོ་བོ་དང་དཔེ་རྙིང་རྩ་ཆེན་ཞིབ་དཔྱད་སོགས་ཀྱི་བྱ་བའི་འགན་འཁུར་བ་ཡིན།
  ཉིན་དེར་སེ་ར་དགོན་དུ་བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་སེ་གཙུག་གཞུང་ལས་ཁང་གི་སྒོ་བྱང་བཀལ་ལ། ལས་ཁུངས་དེ་ནི་སྔོན་མའི་སེ་གཙུག་དཔེ་རྙིང་ཉར་བསྡུ་དང་ལེགས་སྒྲིག་ཁང་གི་རྨང་གཞིའི་སྟེང་བཙུགས་པ་ཞིག་རེད།
 


འབྲེལ་ཡོད་འོས་སྦྱོར།