ངག་དབང་རྒྱལ་མཚན་གྱིས་སྡེར་ནང་ས་བྲིས་ཀྱི་བྲིས་རྒྱུན་རྒྱུན་འཛིན་བྱེད་ཀྱིན་པ།

རྒྱུན་འཛིན་པ་ངག་དབང་རྒྱལ་མཚན་གྱིས་སློབ་མའི་ལས་བྱར་ལྟ་བཞིན་པ།
ངག་དབང་རྒྱལ་མཚན་ལགས་ཀྱིས་སྡེར་ནང་ས་བྲིས་འབྲི་སྦྱོང་བྱེད་ཀྱིན་པ།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྡེར་ནང་ས་བྲིས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་བོད་ཡིག་ཡིག་གཟུགས་ཀྱི་བྲིས་རྒྱུན་ཞིག་དང་། སྣག་ཤོག་སྨྱུག་གསུམ་གྱི་རྒྱུ་ཆ་ལས་ཐོན་པའི་བཟོ་རྩལ་ཁྱད་དུ་འཕགས་པ་ཞིག་ཀྱང་ཡིན་ཞིང་། ད་ལྟ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་རུ་བདམས་འདུག
དགུང་ལོ46ལ་སོན་པའི་ངག་དབང་རྒྱལ་མཚན་ལགས་ནི་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་འདིའི་རྒྱུན་འཛིན་པ་ཞིག་ཡིན་ལ། ཁོང་དགུང་ལོ12སྟེང་ནས་སྡེ་ནང་ས་བྲིས་ཀྱི་བྲིས་རྒྱུན་སྦྱངས་ཤིང་། ད་ལྟ་མཚོ་སྔོན་དང་། སི་ཁྲོན། པེ་ཅིང་། ཧྲང་ཧེ་སོགས་ནས་ཡོང་བའི་སློབ་མ152ལ་ཡིག་གཟུགས་འདིའི་འབྲི་སྟངས་ཁྲིད་ནས། སྡེར་ནང་ས་བྲིས་ཀྱི་བྲིས་རྒྱུན་འཛིན་སྤེལ་བྱེད་ཀྱིན་ཡོད་པ་རེད།
