བོད་ལྗོངས་སློབ་ཆེན་དུ་ད་ལོར་སློབ་གླིང3བསྐྲུན་འཆར་ཡོད་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-01-24
ཀློག་གྲངས།:
རྒྱུས་ལོན་པ་ལྟར་ན། 2014ལོར་བོད་ལྗོངས་སློབ་ཆེན་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཤུགས་ཚད་ཆེ་རུ་བསྐྱེད་ནས་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པར་མ་ཟད། བཟོ་གྲྭའི་ཉེར་སྤྱོད་ལག་རྩལ་སློབ་གླིང་དང་། ཆ་འཕྲིན་ཚན་རྩལ་སློབ་གླིང་། རྒྱལ་སྤྱིའི་རི་འཛེག་དང་གནས་སྐོར་སློབ་གླིང་བཅས་སློབ་གླིང་གསར་བ3བསྐྲུན་འཆར་ཡོད་པ་རེད།
ད་ལོར་སློབ་ཆེན་འདི་ཡིས་རྨང་གཞིའི་རིག་ཚན་དང་ཁྱད་ལྡན་རིག་ཚན་གཉིས་ཟུང་སྦྲེལ་བྱེད་པའི་ཁར། ཡོན་གནས་ཀྱི་དབང་ཐོབ་ཁྲིད་གནས་ཁྱབ་རྒྱ་ཆེ་རུ་བསྐྱེད་པ་དང་། སློབ་གླིང་གསུམ་གསར་དུ་སྒྲིག་འཛུགས་གནང་སྟེ་སྐབས་དང་པོའི་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་བསྡུ་དང་སྐྱེད་སྲིང་བྱ་བར་ཤུགས་སྣོན་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།