logo

ཀན་ལྷོའི་བོད་ཀྱི་རིག་གནས་དང་ཐང་གའི་འགྲེམ་སྟོན་ཁོ་རེ་ཡ་རྒྱལ་ཁབ་ཏུ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-17 ཀློག་གྲངས།:

 中国甘肃甘南藏族文化唐卡展在韩国首尔举办
ཀན་ལྷོའི་བོད་ཀྱི་རིག་གནས་དང་ཐང་གའི་འགྲེམ་སྟོན་ཁོ་རེ་ཡ་རྒྱལ་ཁབ་ཏུ་སྤེལ་པ།

  ཟླ1པོའི་ཚེས16ཉིན། ཀན་ལྷོའི་བོད་ཀྱི་རིག་གནས་དང་ཐང་གའི་འགྲེམ་སྟོན་དེ་ཁོ་རེ་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཧྲུག་ཨར་རུ་སྤེལ་ཞིང་། དེའི་མཚུངས་སུ་འབྲེལ་ཡོད་ཀྱི་རིག་གནས་འཁྲབ་སྟོན་བྱ་འགུལ་ཁག་ཅིག་སྤེལ་བ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲེམ་སྟོན་ཟླ1པོའི་ཚེས16ཉིན་ནས་ཟླ3པའི་ཚེས4ཉིན་བར་དུ་སྤེལ་རྒྱུ་ཡིན་ལ། ཡུལ་དངོས་སུ་འགྲེམ་སྟོན་བྱས་པའི་ཐང་ག་ནི་ཀྲུང་གོའི་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་སྟེ་ཀན་ལྷོ་ཁུལ་བོད་ཀྱི་རིག་གནས་ཚན་རྩལ་འདོན་སྤེལ་ཚད་ཡོད་ཀུང་ཟིས་ལོ་ངོ་བཅུའི་རིང་ལ་ཞིབ་ཚགས་སྒོས་བཞེངས་པ་རེད།
  འགྲེམ་སྟོན་གྱིས་བོད་ཀྱི་ལོ་རྒྱུས་རིག་གནས་དང་བོད་བརྒྱུད་ནང་བསྟན་རིག་གནས་བརྗོད་གཞིར་བཟུང་ནས་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་རིག་གནས་ཁྱད་ཆོས་ཡོངས་སུ་མངོན་པར་མཚོན་ཞིང་། ཁོ་རེ་ཡ་རྒྱལ་ཁབ་ཀྱི་ནང་བསྟན་གྱི་དད་ལྡན་མང་ཚོགས་དང་གྲོང་དམངས་ཀྱིས་ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་གྱི་བོད་ཀྱི་རིག་གནས་ལ་རྒྱུས་ལོན་ཐུབ་པར་མཐུན་རྐྱེན་བསྐྲུན་པ་རེད།
 


འབྲེལ་ཡོད་འོས་སྦྱོར།