logo

2014ལོའི་མི་རིགས་ཀྱི་རྩོམ་རིག་དེབ་དང་པོ་འགྲེམ་སྤེལ།

རྩོམ་པ་པོ།:མི་རིགས་ཀྱི་རྩོམ་རིག་གི་རྩོམ་ས ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-15 ཀློག་གྲངས།:

《ཧཱ་ཟཱར་གྱི་ཚིག་མཛོད》
2014ལོའི་མི་རིགས་ཀྱི་རྩོམ་རིག་དེབ་དང་པོ་འགྲེམ་སྤེལ།

      མི་རིགས་ཀྱི་རྩོམ་རིག་དུས་དེབ་ཁང་གིས་ད་ལོའི་ལོ་གསར་བའི་ནང་དེབ་ཀྱི་རྒྱབ་ཤ་དང་ཇུས་འགོད་སྔར་མུས་བཞིན་བསྐྱངས་པའི་ཁར་རྩོམ་ཡག་ཤོས་དང་འགྱུར་ལེགས་ཤོས་ཀྱི་ལམ་དུ་འབད་པ་ཁུར་ཏེ་དེབ་དང་པོ་རུ་ལྷུག་རྩོམ《རྒྱལ་བ་གཉིས་པ》སྟེ་རྩོམ་པ་པོ་བསྟན་འཛིན་གྱིས་བརྩམས་ཤིང་ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་བ་འཇམ་མགོན་ཙོང་ཁ་བ་ཆེན་མོ་བརྗོད་བྱར་བྱས་པ་དང་། སྒྲུང་ཐུང《ཝ་ནག་ལུང་བ》སྒྲུང་གཏམ་པ་སྐད་གྲགས་ཅན་ཚེ་རིང་དོན་གྲུབ་ཀྱིས་བརྩམས། 《གསེར་ཏོག་སྟེང་ལ་ཉི་འོད་འཕྲོས་བྱུང》ཞེས་པ་སོགས་སྙན་ངག་ཁག་ལྔ་དགེ་འདུན་པའི་སྡེ་ཡི་སྙན་ངག་པ་འཆིང་གྲོལ་གྱིས་བརྩམས། སྒྲུང་རིང《ཧཱ་ཟཱར་གྱི་ཚིག་མཛོད》སེར་པི་ཡི་སྒྲུང་གཏམ་པ་གྲགས་ཅན་ཕཱ་བི་ཆི་ཡིས་བརྩམས་པ་ལས་ཚན་པ་ཁ་ཤས་བསྒྱུར་པ་སོགས་ཀློག་མཁན་གྱི་སྤྱན་སྔར་བསྟར་ཡོད་པ་རྩོམ་གྱི་ཁ་བྱང་ལའང་ཁ་ཤས་བོད་ཡིག་ཡིག་གཟུགས་ཀྱི་སྨྱུག་ཁ་སྐོར་སྟངས་སྤྱད་ནས་སྒྱུ་རྩལ་གྱི་ཉམས་ཨེ་ཐོན་བགྱིས་ཡོད་པས་ལོ་གསར་བའི་ནང་བོད་ཀྱི་རྩོམ་རིག་དར་ཞིང་རྩོམ་པ་པོའི་བསྟན་པ་དར་བའི་རྒྱུ་རུ་གྱུར་ཅིག


《ཝ་ནག་ལུང་བ》།

《ཧཱ་ཟཱར་གྱི་ཚིག་མཛོད》


འབྲེལ་ཡོད་འོས་སྦྱོར།