logo

མཚོ་སྔོན་གྱིས་རིན་ཆེན་གྲང་སྦྱོར་གྱི་སྦྱོར་སྡེའི་ཞིབ་བཤེར་དང་རྒྱུན་འཛིན་གསོ་སྦྱོང་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-15 ཀློག་གྲངས།:


མཚོ་སྔོན་གྱིས་རིན་ཆེན་གྲང་སྦྱོར་གྱི་སྦྱོར་སྡེའི་ཞིབ་བཤེར་དང་རྒྱུན་འཛིན་གསོ་སྦྱོང་བསྡུས་པ།

  ཟླ1པོའི་ཚེས13ཉིན། མཚོ་སྔོན་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་གྱི་སྨན་འདུལ་སྦྱོང་བྱེད་པའི་ལག་རྩལ་འཛིན་སྤེལ་བྱེད་པ་དང་། བོད་སྨན་འདུལ་སྦྱོང་གི་ཚད་གཞི་གཅིག་གྱུར་དང་ཚན་ལྡན་དུ་གཏོང་ཆེད། བོད་སྨན་རྩ་ཆེན་ཏེ་རིན་ཆེན་གྲང་སྦྱོར་གྱི་སྦྱོར་སྡེའི་ཞིབ་བཤེར་དང་རྒྱུན་འཛིན་གསོ་སྦྱོང་ཚོགས་འདུ་བསྡུས་པ་རེད།
  ཐེངས་འདིའི་གསོ་སྦྱོང་ཚོགས་འདུའི་ཐོག་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་ཞིབ་འཇུག་གླིང་། བོད་སྨན་ཨ་རུ་མ་རྐང་ཚད་ཡོད་ཀུང་ཟི་སོགས་ཞིང་ཆེན་ནང་ཁུལ་གྱི་བོད་ལུགས་གསོ་རིག་ཞིབ་འཇུག་དང་ཐོན་སྐྱེད། སློབ་ཁྲིད་བྱེད་པའི་ལས་ཁུངས་དག་ཞུགས་ཤིང་། བོད་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་ཉི་མ་ལགས་གདན་དྲངས་ནས། རིན་ཆེན་གྲང་སྦྱོར་སྦྱོར་བྱེད་ཀྱི་སྨན་རྫས་དང་འདུལ་སྦྱོང་ཁྲོད་མཁོ་བའི་སྨན་རྫས་ཡོངས་སུ་གཅིག་གྱུར་གྱིས་ཞིབ་བཤེར་དང་གཏན་འབེབས་བྱས་པའི་ཁར། བོད་ལུགས་གསོ་རིག་ཆེད་ལས་ཀྱི་ལག་རྩལ་མི་སྣ་རྣམས་ལ་སྨན་རྫས་ཞིབ་བཤེར་གྱི་རྒྱུན་ཤེས་ཐད་ནད་གསོ་སྦྱོང་བྱས་པས། བོད་ལུགས་གསོ་རིག་ཆེད་ལས་ཀྱི་ལག་རྩལ་མི་སྣས་རིན་ཆེན་གྲང་སྦྱོར་སྦྱོར་བྱེད་ཀྱི་སྨན་རྫས་རིགས160ལྷག་གི་ཞིབ་བཤེར་དང་། འདུལ་སྦྱོང་བྱས་པའི་སྨན་རྫས་ཞིབ་བསྡུར། སྨན་སྦྱོར་གྱི་འཛེམ་བྱ་སོགས་ངོས་འཛིན་ཐུབ་པ་རེད།  

青海省藏医院举办“仁青常觉”药材鉴定及传承培训会
མཚོ་སྔོན་གྱིས་རིན་ཆེན་གྲང་སྦྱོར་གྱི་སྦྱོར་སྡེའི་ཞིབ་བཤེར་དང་རྒྱུན་འཛིན་གསོ་སྦྱོང་བསྡུས་པ།

  ཐེངས་འདིའི་ཞིབ་བཤེར་གསོ་སྦྱོང་ཚོགས་འདུས་སྨན་སྦྱོར་ལག་རྩལ་མི་སྣས་རིན་ཆེན་གྲང་སྦྱོར་སྦྱོར་བཟོ་བྱེད་པའི་གནད་གྱུར་ལག་རྩལ་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པར་དགེ་མཚན་ཆེན་པོ་ལྡན་པའི་ཁར། བོད་སྨན་འདུལ་སྦྱོང་གི་འབྲེལ་ཡོད་ཤེས་བྱ་ངེས་པར་བྱས་ཏེ་བོད་སྨན་འདུལ་སྦྱོང་གི་སྤུས་ཚད་མཐོར་འདེགས་གཏོང་བར་མཐུན་རྐྱེན་ལེགས་པོ་བསྐྲུན།
  རྒྱུན་ལོན་པ་ལྟར་ན། རིན་ཆེན་གྲང་སྦྱོར་གྱི་འདུལ་སྦྱོང་བྱེད་ཐབས་ལ་ལོ་ངོ1000ལྷག་གི་ལོ་རྒྱུས་ལྡན་ཞིང་། སྦྱོར་བྱེད་ཀྱི་རྒྱུ་ཆ་ནི་མདོ་དབུས་མཐོ་སྒང་གི་དམིགས་བསལ་གྱི་སྐྱེ་ཁམས་ཁོར་ཡུག་ཏུ་སྐྱེས་པའི་རང་བྱུང་དང་ཧ་ཅང་དཀོན་པའི་སྨན་རྫས་རིགས་ཡིན་པའི་ཁར། གཟུགས་འདས་ཤུལ་བཞག་རིག་གནས་སུ་བཞག་པའི་ཁྱད་དུ་འཕགས་པའི་ལག་རྩལ་ཏེ་བོད་ལུགས་གསོ་རིག་གི་བཙོ་ཐབས་ལག་རྩལ་ལ་བརྟེན་ནས་འདུལ་སྦྱོང་བྱས་ཡོད་པ་རེད།
 


འབྲེལ་ཡོད་འོས་སྦྱོར།