ཟི་ལིང་གངས་རྒྱན་སློབ་གྲྭས2014ལོའི་མཐོ་གསུམ་གསབ་སྦྱོང་འཛིན་གྲྭ་བསྡུསཔ།
དགེ་རྒན་ཚེ་འབར་གྱིས་མཐོ་གསུམ་གསབ་སྦྱོང་སློབ་མ་རྣམས་ལ་སློབ་ཁྲིད་གནང་བཞིན་པའི་ཚུལ།
ཟླ1པོའི་ཚེས12ཉིན། བོད་ཡིག་མཐོ་རྒྱུགས་ཆེད་མཁས་པ་དགེ་རྒན་ཚེ་འབར་ཟི་ལིང་གངས་རྒྱན་སློབ་གྲྭར་ཕེབས་ནས་གསབ་སྦྱོང་སློབ་མ་རྣམས་ལ་ལོ་རེའི་མཐོ་རྒྱུགས་ཀྱི་ཁ་གཏད་ས་གཙོ་བོ་སྟེ། མཐོ་འབྲིང་བསླབ་གཞི་ལས་སུམ་རྟགས་དག་གསུམ་དང་སྙན་ངག ལོ་རྒྱུས། བསྒྱུར་རྩོམ་སོགས་ཀྱིས་སྤྱིའི་རྒྱུགས་གཞི་ལས་སྐར་གྲངས་ཅི་ཙམ་ཟིན་ཡོད་པ་དང་། དེ་དག་ལ་བསྐྱར་སྦྱོང་ཇི་ལྟར་བྱེད་དགོས་པའི་གནད་དོན་ཁག་ཁ་གསལ་ཞིང་གོ་བདེ་ལ། འཛིན་སླ་བའི་སྒོ་ནས་སློབ་མ་རྣམས་ལ་ཕྱི་དྲོ་ཞིག་གི་དུས་ཚོད་བེད་སྤྱད་ནས་སློབ་ཁྲིད་གནང་བ་རེད།
དགེ་རྒན་ཚེ་འབར་ནི་མཐོ་འབྲིང་བསླབ་གཞིའི་གཙོ་སྒྲིག་འགན་ཁུར་བ་དང་ལོ་རེའི་མཐོ་རྒྱུགས་རྒྱུགས་གཞིའི་འགན་ཁུར་བ་ཡིན་པར་མ་ཟད། ད་ལྟའི་བར་ལོ་རེའི་མཐོ་རྒྱུགས་རྒྱུགས་གཞིར་དབྱེ་ཞིབ་དང་ཞིབ་འཇུག་གི་ཕྱག་ལས་ཡང་གནང་བཞིན་ཡོད་པས། མིང་དོན་དང་མཐུན་པའི་མཐོ་རྒྱུགས་བོད་ཡིག་རྒྱུགས་གཞིའི་ཆེད་མཁས་པ་གྲགས་ཅན་ཞིག་ཀྱང་ཡིན་ནོ།།