ཟི་ལིང་གངས་རྒྱན་སློབ་གྲྭས2014ལོའི་མཐོ་གསུམ་གསབ་སྦྱོང་འཛིན་གྲྭ་བསྡུས་པ།

ཟི་ལིང་གངས་རྒྱན་སློབ་གྲྭས2014ལོའི་མཐོ་གསུམ་གསབ་སྦྱོང་འཛིན་གྲྭ་བསྡུས་པ།
ཟླ1པོའི་ཚེས10ཉིན། ཡུལ་ཤུལ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་དགེ་རྒན་ཚེ་ལོ་རྒྱལ་ལགས་ཟི་ལིང་གངས་རྒྱན་སློབ་གྲྭར་ཕེབས་ནས་མཐོ་གསུམ་གསབ་སྦྱོང་སློབ་མ་རྣམས་ལ་ཁམས་སྐད་ཀྱི་ལམ་ནས་མཐོ་འབྲིང་བསླབ་གཞི་དེབ་ལྔ་བའི་ནང་དོན་གཙོ་བོར་བཟུང་སྟེ། མཐོ་རྒྱུགས་དང་ཁ་ཕྱོགས་ནས་སློབ་ཐུན་བདུན་ལ་སློབ་ཁྲིད་གནང་བས། སློབ་མ་རྣམས་ཀྱི་རིག་པའི་བཤུལ་ལམ་དུ་འོད་ཀྱི་སྒྲོན་མེ་འཚེར་བ་བཞིན་མི་ཤེས་པའི་དོགས་གཞི་གང་མང་ཞིག་གྲོལ་བར་བྱེད་དོ།།

སློབ་མ་རྣམས་ཀྱིས་བློ་སེམས་གཅིག་སྒྲིམ་གྱིས་དགེ་རྒན་ཚེ་ལོ་རྒྱལ་ལགས་ཀྱི་སློབ་ཁྲིད་ལ་ཉན་བཞིན་པའི་ཚུལ།
རྒན་ཚེ་ལོ་རྒྱལ་ལགས་ནི་ལོ་གང་མང་ལ་མཐོ་འབྲིང་སློབ་མར་སློབ་ཁྲིད་བྱས་མྱོང་ཞིང་མཐོ་འབྲིང་བསླབ་གཞིར་རྒྱུས་ལོན་ཕུན་སུམ་ཚོགས་པས་ལོ་རེའི་རྒྱུགས་ཞུགས་སློབ་མའི་རྒྱུགས་འབྲས་ཀྱིས་ཁྱིམ་བདག་མང་པོའི་ཡིད་ཚིམས་པར་བྱས་ཡོད།
