ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་གཟའ་འཁོར་གྱི་འགོ་ཚུགས་པ།

ཡུལ་དངོས་སུ་འཇང་རིགས་ཀྱི་སྟོན་པའི་རི་མོ་འབྲི་བཞེངས་བྱེད་ཀྱིན་པ།
ཟླ12པའི་ཚེས23ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་རིག་གནས་པུའུ་གཉིས་ཀྱིས་གཙོ་སྒྲུབ་གནང་བ་དང་། མི་རིགས་རིག་གནས་གླིང་གིས་འགན་སྒྲུབ་བྱས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་གཟའ་འཁོར་ཞེས་པའི་བྱ་འགུལ་དེ་པེ་ཅིང་མི་རིགས་རིག་གནས་གླིང་དུ་འགོ་བརྩམས་ཤིང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར20ནས་ཡོང་བའི་འབྲེལ་ཡོད་མི་སྣ་རྣམས་འགོ་རྩོམ་མཛད་སྒོར་ཞུགས་པ་རེད།

ཡུལ་དངོས་སུ་བོད་ཀྱི་ཐང་གའི་འབྲི་བཞེངས་བྱེད་ཀྱིན་པ།
ཐེངས་འདིའི་འགྲེམ་སྟོན་ཟླ12པའི་ཚེས29ཉིན་བར་དུ་སྤེལ་རྒྱུ་ཡིན་པར་མ་ཟད། རིན་མི་དགོས་པར་སྤྱི་ཚོགས་ཡོངས་ལ་སྒོ་འབྱེད་ཀྱིན་ཡོད་པ་རེད། འགྲེམ་སྟོན་སྟེང་འཚེམ་བརྐོའི་མཛེས་རིས་ཀྱི་སྐོར་དང་། ལོ་རྒྱུས་བྱུང་བརྗོད་སྙན་ངག་གི་སྐོར། ཤོག་བུའི་པར་བསྐྲུན་གྱི་སྐོར། ཇའི་བཟོ་རྩལ་གྱི་སྐོར། མི་རིགས་ཀྱི་རོལ་ཆའི་སྐོར་སོགས་བརྗོད་གཞི་མི་གཅིག་པའི་འགྲེམ་སྟོན་ས་ཁུལ་རིགས་མང་པོར་བཀར་ཡོད་ཅིང་། འགྲེམ་སྟོན་གྱི་དངོས་པོ600ལྷག་དང་། པར་རིས800ལྷག བརྙན་གཟུགས་རྒྱུ་ཆ་ཁག20ཡོད་ལ། ཡུལ་དངོས་ཀྱི་འགྲེམ་སྟོན་དང་འཁྲབ་སྟོན་རྣམ་གྲངས་ཁག60ལྷག་ཡོད་པ་རེད།
