logo

མཚོ་སྔོན་མི་རིགས་སློབ་ཆེན་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པས་ལོ་མཇུག་གི་སྤྱི་སྡོམ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-15 ཀློག་གྲངས།:


མཚོ་སྔོན་མི་རིགས་སློབ་ཆེན་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པས་ལོ་མཇུག་གི་སྤྱི་སྡོམ་ཚོགས་འདུ་བསྡུས་པ།

མཚོ་སྔོན་མི་རིགས་སློབ་ཆེན་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པས་ལོ་མཇུག་གི་སྤྱི་སྡོམ་ཚོགས་འདུ་བསྡུས་པ།

  ཟླ12པའི་ཚེས12ཉིན། མཚོ་སྔོན་མི་རིགས་སློབ་ཆེན་སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པས་ལོ་མཇུག་གི་སྤྱི་སྡོམ་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་སྟེང་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པས་ཕུལ་བྱུང་ཚོགས་མི་རྒན་པ་དག་ལ་གཟེངས་རྟགས་བསྩལ་བ་དང་། ཐེངས་འདིའི་དགུན་གནང་གི་སྐབས་སུ་གཞི་རིམ་ལ་བསྐྱོད་པའི་ལས་དོན་གྱི་གྲས་འགོ་ཡོངས་ཞིབ་ཚགས་ངང་གཏན་ལ་ཕབ་པ་རེད། དེ་ལས་གཞན་ཚོགས་མི་དག་གིས་ཚོགས་པའི་སྒྲིག་གཞི་དང་གཞི་རིམ་ལ་བསྐྱོད་པའི་སྒྲིག་ལམ་དང་ཉམས་མྱོང་། བསླབ་གཞི་དང་སློབ་ཁྲིད་ཐད་ཀྱི་བསམ་ཚུལ་ཅི་རིགས་བཏོན་པ་དང་བཅས་སྤྱི་སྡོམ་ཚོགས་འདུ་བདེ་ལེགས་ངང་མཇུག་བསྡུས།

 


འབྲེལ་ཡོད་འོས་སྦྱོར།