ཏཱ་ལེན་མི་རིགས་སློབ་གླིང་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་དཔེ་རྙིང་པེ་ཅིན་དུ་འགྲེམ་སྟོན་བྱས།

ཏཱ་ལེན་མི་རིགས་སློབ་གླིང་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་དཔེ་རྙིང་པེ་ཅིན་དུ་འགྲེམ་སྟོན་བྱས།
ཏཱ་ལེན་མི་རིགས་སློབ་གླིང་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་དཔེ་རྙིང་པེ་ཅིན་དུ་འགྲེམ་སྟོན་བྱས།
མི་རིགས་རིག་གནས་ཕོ་བྲང་གིས་གཙོ་གཉེར་བྱས་པ་དང་། ཏཱ་ལེན་མི་རིགས་སློབ་གླིང་དཔེ་མཛོད་ཁང་། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་། མི་རིགས་རིག་གནས་ཕོ་བྲང་འགྲེམ་སྟོན་སྡེ་ཁག་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་ཏཱ་ལེན་མི་རིགས་སློབ་གླིང་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་དཔེ་རྙིང་གཅེས་ནོར་འགྲེམ་སྟོན་ཞེས་པ་དེ་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ 2013ལོའི་ཟླ12འི་ཚེས5ཉིན་སྒོ་ཕྱེ་བ་དང་། ཕྱི་ལོའི་ཟླ1པོའི་ཚེས15ཉིན་བར་དུ་འགྲེམ་སྟོན་བྱེད་རྒྱུ་རེད།
ཐེངས་འདིའི་འགྲེམ་སྟོན་སྟེང་བཀྲམ་པ་ནི་ཏཱ་ལེན་མི་རིགས་སློབ་གླིང་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་དཔེ་རྙིང་རྩ་ཆེན་དག་ཡིན་ཞིང་། ཁྱོན་བསྡོམས་ཧ་ལམ་ཆིན་རྒྱལ་རབས་ཀྱི་དུས་དཀྱིལ་དང་དུས་མཇུག་ཏུ་བྱུང་བའི་དཔེ་རྙིང་གསེར་བྲིས་མ་པོད19ཡོད་པ་རེད།
ཏཱ་ལེན་མི་རིགས་སློབ་གླིང་ནི་གཙོ་བོ་མན་ཇུའི་རིག་གནས་དང་བྱང་ཤར་མི་རིགས་ཞིབ་འཇུག་བྱེད་པ་དེ་གཙོ་བོར་བཟུང་ནས་དཔྱད་འབྲས་ཕུན་སུམ་ཚོགས་པ་བླངས་འདུག ཐེངས་འདིའི་འགྲེམ་སྟོན་སྟེང་མན་ཇུ་དང་། སོག་པོ། ཁོ་རེ་སོགས་བྱང་ཤར་གྱི་མི་རིགས་འགའི་ལོ་རྒྱུས་དང་རིག་གནས་སོགས་འབྲེལ་ཡོད་ཀྱི་དཔེ་དེབ་པོད139ཡང་བཀྲམ་ཡོད་པ་རེད།
ས་གནས། པེ་ཅིན་གྲོང་ཁྱེར་གྲོང་ཁུལ་ནུབ་མ་ཧྥུའུ་ཞིན་སྒོ་ནང་མའི་སྒོ་རྟགས49 མི་རིགས་རིག་གནས་ཕོ་བྲང་།
དུས་ཚོད། 2013ལོའི་ཟླ12པའི་ཚེས5ཉིན་ནས2014ལོའི་ཟླ1པོའི་ཚེས15ཉིན་བར།
