བྱ་ཆུའི་འགྱུར་ཁུགས་འདོན་ཐེངས་བརྒྱད་པ་འགྲེམ་སྤེལ་བྱས།
བྱ་ཆུའི་འགྱུར་ཁུགས་འདོན་ཐེངས་བརྒྱད་པ་འགྲེམ་སྤེལ་བྱས།
ཉེ་ལམ། བྱ་ཆུའི་འགྱུར་ཁུགས་འདོན་ཐེངས་བརྒྱད་པ་དངོས་སུ་འགྲེམ་སྤེལ་བྱས། དེབ་འདིའི་གཙོ་གཉེར་སྡེ་ཁག་མང་རྫོང་བྱ་གཞུང་བོན་སྐོར་སྡེ་བ་ཡིན་པ་དང་། གཙོ་སྒྲིག་སྡེ་ཁག་བྱ་ཆུའི་འགྱུར་ཁུགས་རྩོམ་སྒྲིག་ཚན་ཆུང་ཡིན་ལ། གཙོ་སྒྲིག་པ་བྱ་གཞུང་སྙིང་ལྕགས་རྒྱལ་དང་། རྩོམ་སྒྲིག་ཁོངས་མི་འབྲུག་ལྷ་རྒྱལ་དང་ཚེ་དཔལ་རྒྱལ་སོགས་ཡིན། བྱ་ཆུའི་འགྱུར་ཁུགས་འདོན་ཐེངས་བརྒྱད་པ་ད་ལོར་རྣམ་པ་ཚོའི་སྦྱན་སྔར་ཕུལ་ཐུབ་པ་འདིས་གསར་སྐྱེས་དང་མ་འོངས་རྩོམ་པ་པོ་དག་ལ་རྩོམ་རིག་གི་ས་བོན་འཁྲུངས་པའི་གཤིན་ས་རུ་འགྱུར་བར་ངེས་རྨང་ལེགས་པོ་བཏིངས།
བྱ་ཆུའི་འགྱུར་ཁུགས་འདོན་ཐེངས་བརྒྱད་པ་འགྲེམ་སྤེལ་བྱས།
དེ་ཡང་བྱ་ཆུའི་འགྱུར་ཁུགས་དུས་དེབ་ནི་སྤྱི་ལོ2000ལོའི་ཡར་སྔོན་ནས་བཟུང་མང་རྫོང་བོན་སྐོར་སྡེ་བའི་གྲྭ་བཙུན་དང་། བློ་གསལ་གཞོན་ནུ་འགའ་ཞིག་གི་ཐུགས་རྒྱུད་ལས་དང་བོར་ཚགས་པར་གྱི་ལམ་ནས་རྒྱ་ཆེའི་ཀློག་མཁན་ཚོའི་སྤྱན་སྔར་ཕུལ་ཏེ་དགའ་བསུ་ཆེན་པོ་ཐོབ། སྤྱི་ལོ2004ནས2008བར་ལ་ས་གནས་མང་ཚོགས་ཀྱི་རོགས་རམ་འོག་བསྟུད་མར་བགྲང་བྱ་གསུམ་ལ་དུས་དེབ་ཀྱི་ལམ་ནས་པར་བསྐྲུན་འགྲེམ་སྤེལ་བྱས། དེ་ནས་སྤྱི་ལོ2008ནས2010ལོའི་བར་ལ་ས་གནས་ཀྱི་ཆ་རྐྱེན་དང་དཔལ་འབྱོར་སོགས་རྐྱེན་དུ་མའི་དབང་གིས་པར་བསྐྲུན་བྱེད་མ་ཐུབ། སྤྱི་ལོ2011ལོར་མཛའ་མཐུན་དགེ་རྩ་ཚོགས་པས་དུས་དེབ་ཉམ་ཉེས་སུ་འགྲོ་བར་སེམས་ཀྱིས་མ་བཟོད་པར།འགན་འཁྲི་ལྕི་མོ་འདི་མ་བསྐུལ་དང་ལེན་སྒོས2013ལོའི་བར་བསྟུད་མར་འགྲེམ་སྤེལ་པར་བསྐྲུན་བྱས།
ད་ལྟ་བྱ་ཆུའི་འགྱུར་ཁུགས་རྒྱལ་ཁབ་ཕྱི་ནང་གི་སློབ་ཆེན་དང་། དྲ་ཚིགས། དཔེ་མཛོད་ཁང་འགའ་ནས་ཀྱང་ཀློག་ཐུབ། དབྱིན་ཇིའི་ཅན་ཆའོ་སློབ་གྲྭ་ཆེན་མོ་དང་ཨ་རིའི་ཡེ་ལི་སློབ་གྲྭ་ཆེན་མོ་བཅས་ཀྱིས་མཉམ་ཏུ་བཙུགས་པའི་ཧི་མ་ལ་ཡ་གློག་རྡུལ་རིག་མཛོད་ཁང་གི་དྲྭ་ཚིགས། ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ།
དུས་དེབ་འདིའི་དམིགས་ཡུལ་གཙོ་བོ་ནི་ས་གནས་ཀྱི་ཆུང་འབྲིང་མཐོ་གསུམ་གྱི་སློབ་མའི་བོད་ཡིག་རྩོམ་འབྲིའི་ནུས་པ་གོང་འཕེལ་གཏོང་རྒྱུ་དེ་ཡིན་ལ། རྩོམ་པ་པོ་དང་ཡོན་ཏན་པར་རང་གི་སྨྱུག་རྩེ་ནས་འཁྲུངས་པའི་བོད་ཡིག་གི་ཚིགས་བཅད་སྙན་ངག་དང་ལྷུག་རྩོམ། བསྒྱུར་རྩོམ་དང་དཔྱད་རྩོམ་སོགས་སྤེལ་སའི་སྟེགས་བུ་ཞིག་བསྐྲུན་པ་ཡིན། སྟེགས་བུ་འདི་བརྒྱུད་ནས་ཕན་ཚན་སློབ་སྦྱོང་དང་བསམ་ཚུལ་བརྗེ་རེས་སོགས་མདོར་ན་ནང་དོན་ཡར་ཐོན་དང་ན་གཞོན་སློབ་མའི་སློབ་གསོ་གཙོ་ཆེར་དམིགས་དགོས།