སི་ཁྲོན་ཞིང་ཆེན་བོད་སྐད་རྩོམ་རིག་ཆེད་སྦྱོང་རིག་ཚན་འཛུགས་སྐྲུན་གྱི་དཔྱད་གླེང་ཚོགས་འདུ་བསྡུས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:བོད་ཀྱི་སློབ་འབྲིང་དྲ་བ།
དུས་ཚོད།:2013-11-20
ཀློག་གྲངས།:

སི་ཁྲོན་ཞིང་ཆེན་བོད་སྐད་རྩོམ་རིག་ཆེད་སྦྱོང་རིག་ཚན་འཛུགས་སྐྲུན་གྱི་དཔྱད་གླེང་ཚོགས་འདུ་བསྡུས།
ཟླ11པའི་ཚེས15ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གིས་གཙོ་འགན་ཁུར་བའི་སི་ཁྲོན་ཞིང་ཆེན་སྐབས་གསུམ་པའི་བོད་སྐད་ཡི་རྩོམ་རིག་ཆེད་སྦྱོང་གི་རིག་ཚན་འཛུགས་སྐྲུན་གྱི་དཔྱད་གླེང་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་བསྡུས།

ཚོགས་འདུར་སི་ཁྲོན་མི་རིགས་སློབ་གླིང་དང་། དཀར་མཛེས་ཁུལ་སློབ་གསོ་ཚན་རིག་ཞིབ་འཇུག་ལས་ཁུངས། རྔ་བ་ཁུལ་དགེ་འོས་མཐོ་རིམ་ཆེད་ལས་སློབ་གྲྭ རྔ་བ་ཁུལ་ཁྱུང་མཆུ་བོད་ཡིག་སློབ་འབྲིང་དང་མཛོད་དགེ་བོད་ཡིག་སློབ་འབྲིང་སོགས་ཀྱི་འབྲེལ་ཡོད་མཁས་པ་དག་དང་ལྷོ་ནུབ་མི་རིགས་སློབ་ཆེན་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་འཛིན་དང་བོད་རིག་པའི་སློབ་གླིང་གི་དགེ་རྒན་དང་ཞིབ་འཇུག་སློབ་མ་སོགས་ཞུགས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
