logo

བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་དགའ་སྟོན་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-20 ཀློག་གྲངས།:

迪庆州民中举行建校三十周年庆典
བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་དགའ་སྟོན་མཛད་སྒོ་བསྡུས་པ།

བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་དགའ་སྟོན་མཛད་སྒོ་བསྡུས་པ།

  ཟླ11པའི་ཚེས16ཉིན། བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་དུ་སློབ་གྲྭ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་དགའ་སྟོན་མཛད་སྒོ་བསྡུས་ཤིང་། སློབ་གྲྭ་དེ་གར་མཐར་ཕྱིན་པ་དང་ད་ལྟ་འགྲིམ་བཞིན་པའི་སློབ་མ་རྣམས་ལྷན་གཅིག་ཏུ་འཛོམས་ནས་དགའ་སྟོན་ལ་རོལ་པ་རེད། 
  རྒྱུས་ལོན་བྱུང་བ་ལྟར་ན་བདེ་ཆེན་མི་རིགས་སློབ་འབྲིང་ནི1981ལོར་བསྐྲུན་པ་དང་། 1983ལོར་དངོས་སུ་སློབ་མ་བསྡུས་པའི་བཅའ་སྡོད་ལམ་ལུགས་ཀྱི་སློབ་འབྲིང་ཞིག་རེད། ལོ་ངོ་སུམ་ཅུའི་རིང་བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གིས་སྤྱི་ཚོགས་ལ་མི་སྣ་འཇོན་ཐང་ཅན་སྐོར་དང་སྐོར་བྱས་ནས་སྐྱེད་སྲིང་བྱས་པ་སྟེ། མིག་སྔའི་བར་སློབ་མ6000ལྷག་བདེ་བླག་ངང་མཐར་ཕྱིན་པ་དང་། དེའི་ཁྲོད5000ལ་ཉེ་བ་རིགས་སོ་སོའི་ཆེད་ཚན་སློབ་གྲྭ་དང་སློབ་ཆེན་དུ་འགྲིམས་ཐུབ་པ་དང་། སློབ་མ་བརྒྱ་ཕྲག་ལྷག་རྒྱལ་ཁབ་ཀྱི་སློབ་ཆེན་ཆེས་བཟང་ཤོས་སུ་འགྲིམས་ཐུབ་པ་རེད།

 


འབྲེལ་ཡོད་འོས་སྦྱོར།