གཡུང་དྲུང་བོན་གྱི་བླ་ཆེན་སྐྱབས་རྗེ་རྒྱལ་བ་སྨན་རི་བས་བཀའ་དབང་ཆེན་མོ་བསྩལ་པ།

གཡུང་དྲུང་བོན་གྱི་བླ་ཆེན་སྐྱབས་རྗེ་རྒྱལ་བ་སྨན་རི་བས་བཀའ་དབང་ཆེན་མོ་བསྩལ་པ།
དབང་བསྐུར་བའི་ཡུལ་དངོས།
གསང་གསུམ་བོན་གྱི་མཛོད་འཛིན་རྗེ་རྒྱལ་བ་མཉམ་མེད་ཆེན་པོའི་ཞལ་ཚབ་སྟེ་གཡུང་དྲུང་བོན་གྱི་བླ་ཆེན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་གིས་ཕྱི་ཟླ1༠པའི་ཚེས18ཉིན་དབུ་བཟུང་ནས་ཟླ11པའི་ཚེས16ཉིན་བར་ཏེ་ཟླ་བ་གཅིག་མ་ཟིན་ཙམ་གྱི་རིང་ལ་བོན་ཕྱི་རྒྱུད་ཀྱི་བཀའ་དབང་ཆ་ཚང་དང་ནང་རྒྱུད་ལས་ཡི་དམ་གསས་མཁར་མཆོག་ལྔའི་བཀའ་དབང་བཅས་བསྩལ་གྲུབ་ཡོད་པ་རེད།
ཕྱི་ཟླ11པའི་ཚེས16ཉིན་ཏེ་ཉིན་མཐའ་མའི་ཉིན་བཀའ་དབང་གོ་སྒྲིག་སྒྲིག་ཚོགས་པས་གོ་སྒྲིག་ལྟར་སྔ་དྲོ་བོན་གཞིས་སེར་སྐྱ་མང་ཚོགས་དང་ཕྱོགས་ཕེབས་ཀྱི་དད་ལྡན་དབང་ཞུ་བ་ཡོངས་སུ་འདུས་ཏེ་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་པའི་བཀའ་དབང་གོ་སྒྲིག་ཚོགས་པས་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ལ་མན་གདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་གྲྭ་ཚང་ལ་སྐུ་འགྱེད་དང་སེར་སྐྱ་མང་ཚོགས་ལ་འབྲས་སིལ་རྒྱས་འབུལ་ཞུས། དེ་ནས་སྐྱབས་རྗེ་རྒྱལ་བ་སྨན་རི་བས་སེར་སྐྱ་མང་ཚོགས་ཡོངས་ལ་སྡིག་སྤོང་དགེ་བསྒྲུབ་དང་དབང་གི་བརྒྱུད་རིམ་སོགས་ཀྱི་སྐོར་ལས་འཕྲོས་ཏེ་དམིགས་བསལ་གྱི་བཀའ་སློབ་ཟབ་རྒྱས་བསྩལ་ཡོད་པ་རེད།
