《གངས་རིའི་བུ་མོ》འདོན་ཐེངས་ལྔ་བ་པར་བསྐྲུན་ལེགས་འགྲུབ་བྱུང་བ།

《གངས་རིའི་བུ་མོ》འདོན་ཐེངས་ལྔ་བ་པར་བསྐྲུན་ལེགས་འགྲུབ་བྱུང་བ།
《གངས་རིའི་བུ་མོ》འདོན་ཐེངས་ལྔ་བ་པར་བསྐྲུན་ལེགས་འགྲུབ་བྱུང་བ།
《གངས་རིའི་བུ་མོ》དེབ་དང་པོ་ནས་གསུམ་པའི་བར་དུ་སྒེར་གཉེར་གྱིས་པར་སྐྲུན་བྱས་མོད། ཚེ་སྲོག་གི་རྒྱུན་ཡུན་རིང་དུ་བརྟན་ཕྱིར་ངེད་རྩོམ་སྒྲིག་པས་རང་ནུས་ཅི་ལྕོགས་ཀྱིས་དེབ་བཞི་པ་ནས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པས། རྒྱ་ཆེའི་ཀློག་པ་པོའི་འདོད་བློ་དང་མཐུན་པར་སྨོན། ད་ལོའི་གངས་རིའི་བུ་མོ་འགྲེམ་སྤེལ་ལྟེ་གནས་ནི་ས་གནས་སོ་སོའི་ཞིན་ཧྭ་དཔེ་ཁང་གཙོ་བྱས་པའི་དཔེ་ཁང་སོ་སོ་ན་འགྲེལ་སྤེལ་བྱེད་བཞིན་ཡོད།
《གངས་རིའི་བུ་མོ》ནི་བོད་ཀྱི་སྐྱེས་མའི་རྩོམ་རིག་དུས་དེབ་ཆེས་ཐོག་མ་ཡིན་ལ། གཞོན་སྐྱེས་བུད་མེད་རྩོམ་པ་པོ་བསྐྱེད་བསྲིང་བྱེད་པར་དམིགས་ནས་ཆེད་དུ་པར་བསྐྲུན་བྱས་པའི་དུས་དེབ་ཅིག་ཡིན་པས། ན་གཞོན་བུད་མེད་རྩོམ་པ་པོ་མི་ཉུང་བ་ཞིག་གསོ་སྐྱོང་བྱ་དགོས་འོས་འགན་ཕྲག་ཏུ་བླངས་ཡོད།
