logo

མཚོ་སྔོན་མི་རིགས་སློབ་ཆེན་དུ་འབུམ་རམས་པའི་གླེང་སྟེགས་ཞེས་པའི་དཔེ་ཁྲིད་གནང་བའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-14 ཀློག་གྲངས།:

青海师大第一届藏语言文化节系列活动推出藏学“博士论坛”讲座
དགེ་རྒན་ཆེན་མོ་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་དཔེ་ཁྲིད་གནང་བཞིན་པ།

 

  ཟླ11པའི་ཚེས12ཉིན། མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་བོད་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་བོད་ཀྱི་སྐད་ཡིག་དང་རིག་གནས་དུས་ཆེན་སྐབས་དང་པོའི་མུ་འབྲེལ་བྱ་འགུལ་ལས་བོད་རིག་པའི་འབུམ་རམས་པའི་གླེང་སྟེགས་ཞེས་པའི་དཔེ་ཁྲིད་གནང་བའི་བྱ་འགུལ་སྤེལ་བ་རེད།


དཔེ་ཁྲིད་གནང་བཞིན་པའི་ཡུལ་དངོས།

  བོད་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་དགེ་རྒན་ཆེན་མོ་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས《ཨ་མདོའི་དགེ་ལུགས་པའི་དགོན་སྡེའི་དཔལ་འབྱོར་གྱི་རྣམ་པའི་འཕེལ་འགྱུར་ལ་ཞིབ་འཇུག་བྱེད་པ་སྟེ་དཔའ་ལུང་རྫོང་དྷཱི་ཚ་དགོན་པ་དཔེར་བཟུང་ནས་དཔྱད་པ》ཞེས་པ་ནས་བོད་རིག་པའི་འབུམ་རམས་པའི་གླེང་སྟེགས་ཀྱི་དཔེ་ཁྲིད་ཐོག་མའི་འགོ་བཟུང་ལ། ཁོང་གིས་གཙོ་བོར་ཨ་མདོའི་དགེ་ལུགས་པའི་དགོན་པའི་རིག་གནས་ཀྱི་ཁྱད་ཆོས་དང་། གྲྭ་བཙུན་རྣམས་ཀྱི་འཚོ་བའི་འགྱུར་ལྡོག  དགོན་པའི་སློབ་གསོའི་འགྱུར་ལྡོག  དགོན་སྡེའི་རིག་གནས་ཀྱི་ལེགས་ཉེས་དང་མ་འོངས་པའི་འཕེལ་འགྱུར་སོགས་ཀྱི་ཐད་ནས། སློབ་མ་རྣམས་ལ་དེའི་ཐད་ཀྱི་རིགས་ལམ་ཐུན་མོང་མ་ཡིན་པ་ལྡན་ཞིང་རིག་པའི་ཁོངས་རྒྱ་ཡངས་པར་བསྐྱེད་པའི་དཔེ་ཁྲིད་ཅིག་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།