logo

མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་གི་སྒོ་བྱང་བཀལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-11 ཀློག་གྲངས།:
  ཟླ11པའི་ཚེས8ཉིན། མིག་སྔར་རྒྱལ་ནང་དུ་གསལ་བསྒྲགས་འགྲེམ་སྤེལ་བྱེད་བཞིན་པའི་བོད་ཡིག་ཚན་རྩལ་ཁྱབ་སྒྲོག་གི་ཆེད་ལས་པར་བསྐྲུན་ལས་ཁུངས་ཁོ་ན་སྟེ་མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་དངོས་སུ་བཙུགས་ནས་སྒོ་བྱང་བཀལ་བ་རེད།
  མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་ནི་ཞིང་ཆེན་རིག་གནས་གོང་སྤེལ་དང་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་ཆོག་མཆན་འོག་བཙུགས་པའི་སྤྱི་ཕན་རང་བཞིན་གྱི་དོན་ལས་ལས་ཁུངས་ཤིག་ཡིན་ལ། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ནི1984ལོར་སྤེལ་འགོ་བརྩམས་པའི་མཚོ་སྔོན་ཚན་རྩལ་ཚགས་པར་གྱི་བོད་ཡིག་པར་གཞིའི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཡིན། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་གིས་ཚན་རིག་གི་དགོངས་དོན་དར་སྤེལ་དང་ཚན་རིག་གི་འདུ་ཤེས་སྒྲོག་སྤེལ། ཚན་རིག་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བ་དེ་དགོངས་སྙིང་དུ་བཟུང་ནས་ཡང་དག་པའི་གླེང་ཕྱོགས་ཀྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།