བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་པའི་ཡོན་གནས་གནང་བའམ་ཡོངས་འཛིན་གྱི་འཛིན་ཡིག་གནང་བའི་མཛད་སྒོ་བསྡུས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-05
ཀློག་གྲངས།:
ཟླ11པའི་ཚེས4ཉིན། སྐབས་དགུ་བའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་པའི་ཡོན་གནས་གནང་བའམ་སྐབས་གཉིས་པའི་ཡོངས་འཛིན་གྱི་འཛིན་ཡིག་གནང་བའི་མཛད་སྒོ་དེ་པེ་ཅིང་གི་ནུབ་ཀྱི་ལྷ་ཁང་སེར་པོའི་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་དུ་བསྡུས་པ་རེད།
དགེ་ལུགས་པ་དང་ཇོ་ནང་བའི་སློབ་མ11རྟགས་གསལ་གཏོང་བ་དང་དཔྱད་རྩོམ་བགྲོ་གླེང་སོགས་མཐོ་རིམ་པའི་ཡོན་གནས་ཀྱི་རྒྱུག་གཞི་རབས་དང་རིམ་པ་བརྒྱུད་མཐར་ཀྲུང་གོའི་ནང་བསྟན་སློབ་གླིང་གི་སྐབས་དགུ་བའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་པའི་ཡོན་གནས་ཐོབ་ཅིང་། རྙིང་མ་བ་དང་ས་སྐྱ་བ། དགེ་ལུགས་པ། བོན་པོ་བཅས་ཀྱི་ཡོངས་འཛིན་གྱི་འདེམ་སྒུག་པ་མི19ལ་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོངས་འཛིན་གྱི་འཛིན་ཡིག་ཐོབ་པ་རེད།
འབྲེལ་ཡོད་འོས་སྦྱོར།