ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་སློབ་རའི་མཐོ་འབྲིང་རུ་ཁག་རྐང་གྲུག་མཉམ་འབྲེལ་འགྲན་བསྡུར་མགོ་བརྩམས་པ།
ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་སློབ་རའི་མཐོ་འབྲིང་རུ་ཁག་རྐང་གྲུག་མཉམ་འབྲེལ་འགྲན་བསྡུར་མགོ་བརྩམས་པ།
ཟླ11པའི་ཚེས1ཉིན། ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་སློབ་རའི་མཐོ་འབྲིང་རུ་ཁག་རྐང་གྲུག་མཉམ་འབྲེལ་འགྲན་བསྡུར་མགོ་བརྩམས་ཤིང་། སྡོམ་པས་རུ་ཁག8སྐབས་འདིའི་འགྲན་བསྡུར་ལ་ཞུགས་པ་རེད།
ལྷ་ས་གྲོང་ཁྱེར་སློབ་རའི་རྐང་གྲུག་གཞུང་སྒྲུབ་ཁང་གི་འགན་ཁུར་བ་བྱམས་པ་བསྟན་འཛིན་གྱིས་མཚམས་སྦྱོར་བཤད་རྒྱུར། སྐབས་འདིའི་མཉམ་འབྲེལ་འགྲན་བསྡུར་དུ་མི11ཅན་གྱི་འགྲན་བསྡུར་ཏེ། འགྲན་ཐེངས་རེར་ཆུ་ཚོད་སྐར་མ45ལས་སྔ་གཞུག་འགྲན་ཚན་གཉིས་དང་། འགྲན་ཞུགས་རུ་ཁག་དེ་ཐོག་མར་ཁག་གཉིས་སུ་བགོས་ཏེ་རྐྱང་མའི་རེས་འགྲན་དང་། རུ་ཁག་ལས་ཨང་དང་པོ་དང་གཉིས་པ་གཉིས་བསྣོལ་མའི་ཕམ་འདོར་འགྲན་བསྡུར་ལ་ཞུགས་ཐོག འགྲན་བསྡུར་ལས་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་འདེམ་ཏེ་སློབ་རའི་རྐང་གྲུག་སྤྱོད་ལེགས་བྱ་དགའ་དང་། ཆེས་ལེགས་འཕོང་སྐྱེན་པོ། ཆེས་ལེགས་རྐང་གྲུག་པ། ཆེས་ལེགས་སྒོ་སྲུང་བ་སོགས་བྱ་དགའི་རྣམ་གྲངས་བཙུགས།
2009ལོ་ནས་བཟུང་། ལྷ་ས་ནི་རྒྱལ་ཡོངས་ན་གཞོན་སློབ་རའི་རྐང་གྲུག་མཁར་གྲོང་དུ་གྱུར་ཅིང་། མིག་སྔར་གྲོང་ཁྱེར་ཡོངས་སུ་སློབ་གྲྭ50ཡི་སློབ་མ་ཁྲི2ལ་ཉེ་བ་སློབ་རའི་རྐང་གྲུག་བྱ་འགུལ་དུ་ཞུགས་པ་ཡིན།