ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི《འདབ་ལྡན》ལོ་དེབ་ཀྱི་རྩོམ་བསྡུའི་བརྡ་ཐོ།
ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི《འདབ་ལྡན》ལོ་དེབ།
ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གིས་གཙོ་གཉེར་བྱེད་པའི་བོད་ཀྱི་སློབ་གྲྭ་ཆེན་མོའི་རྩོམ་རིག་དུས་དེབ 《འདབ་ལྡན》འདོན་ཐེངས་ཉེར་བཞི་པ་མི་འགྱངས་བར་འགྲེམ་སྤེལ་བྱེད་རྩིས་ཡོད་ལ།རྒྱ་ཆེའི་སྨྱུག་ཐོགས་པ་རྣམས་ལ་རྩོམ་རིག་གི་སྡིངས་ཆ་ལེགས་པོ་ཞིག་བསྐྲུན་རྒྱུ་དང་ཀློག་པ་པོའི་ཚོགས་ལ་རྩོམ་རིག་གི་རྒྱགས་ཕྱེ་དགའ་ཞིག་ཕུལ་ཆེད།རྩོམ་རིག་ལ་མོས་པ་ཡོད་པའི་བོད་ཀྱི་སློབ་ཆེན་པ་ཚོས་སྒྲུང་གཏམ་དང་ལྷུག་རྩོམ།འབོལ་རྩོམ།དཔྱད་བརྗོད་སོགས་རྩོམ་ཡིག་གང་མང་ཞིག་གི་རྒྱབ་སྐྱོར་བྱེད་རྒྱུ་མཁྱེན་མཁྱེན།
1.རྩོམ་བསྡུའི་དུས་ཡུན། 2013ལོའི་ཟླ10པའི་ཚེས24ཉིན་ནས2013ལོའི་ཟླ11པའི་ཚེས24ཉིན་བར།
2. བརྩམས་ཆོས་བསྐུར་ཡུལ། daerdanzy@sina.com
འདབ་ལྡན་རྩོམ་སྒྲིག་ཚན་ཆུང་གིས།
2013ལོའི་ཟླ10པའི་ཚེས24ཉིན།