《མདོ་ལའི་བོད་ཡིག་ཚགས་པར》ཟླ10པའི་ཚེས28ཉིན་ཚོད་ལྟའི་འགྲེམ་སྤེལ་བྱ་ངེས།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-10-24
ཀློག་གྲངས།:
རྒྱུས་ལོན་པ་ལྟར་ན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུས་བདག་གཉེར་བྱེད་པ་དང་མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུས་གཙོ་སྒྲུབ་བྱེད་པ། མདོ་ལའི་བོད་ཡིག་ཚགས་པར་ཁང་གིས་འགན་སྒྲུབ་བྱེད་པའི《མདོ་ལའི་བོད་ཡིག་ཚགས་པར》དེ་ཟླ10པའི་ཚེས28ཉིན་ཚོད་ལྟའི་འགྲེམ་སྤེལ་བྱ་རྒྱུ་རེད།
མདོ་ལའི་བོད་ཡིག་ཚགས་པར་དེ་ཟླ་རེར་འདོན་ཐེངས3ལ་པར་བསྐྲུན་བྱ་རྒྱུ་ཡིན་ཞིང་། པར་གཞིའི་ཇུས་འགོད་ནི་པར་ངོས་དང་པོར་གསར་འགྱུར་གལ་ཆེན་དང་། གཉིས་པར་ས་གནས་གསར་འགྱུར། གསུམ་པར་དམངས་འཚོའི་གསར་འགྱུར། བཞི་པར་ཕྱོགས་བསྡུས་གསར་འགྱུར་བཅས་བསྒྲིགས་ཡོད་པ་རེད། མིག་སྔའི་བར་འདོན་ཐེངས3ལ་ཚོད་ལྟ་བྱས་ནས་འགྲེམ་སྤེལ་བྱས་ཏེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་དགེ་སློབ། གྲྭ་བཙུན་སོགས་ཀྱི་གདེང་འཇོག་མཐོན་པོ་ཐོབ་པ་རེད།

འབྲེལ་ཡོད་འོས་སྦྱོར།