བོད་ལྗོངས་མི་རིགས་སློབ་གླིང་གི་སློབ་མས་རྒྱལ་ཡོངས་གློག་རྡུལ་ཇུས་འགོད་འགྲན་བསྡུར་དུ་ཨང་གཉིས་པ་བླངས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-10-24
ཀློག་གྲངས།:
ཉེ་སྔོན། 2013ལོའི་རྒྱལ་ཡོངས་སློབ་ཆེན་སློབ་མའི་གློག་རྡུལ་ཇུས་འགོད་འགྲན་བསྡུར་དུ་བོད་ལྗོངས་མི་རིགས་སློབ་གླིང་ཆ་འཕྲིན་བཟོ་བཀོད་སློབ་གླིང་གི་སློབ་མ་བསྟན་འཛིན་ཕུན་ཚོགས་དང་། ཝང་ཡ་ཧྲི། ཀོ་ལེ་ཅུན་བཅས་ཀྱི་འགྲན་ཞུགས་བརྩམས་ཆོས་ལ་རྒྱལ་ཡོངས་བྱ་དགའ་ཨང་གཉིས་པ་ཐོབ།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ནི་ཟླ9བའི་ཚེས4ཉིན་ནས་ཚེས7བར་རྒྱལ་ཡོངས་ཀྱི་འགྲན་ཁུལ80ནས་དུས་གཅིག་ཏུ་འགྲན་བསྡུར་བྱས་ཤིང་། སྡོམ་པས་སློབ་གྲྭ1037གི་སློབ་མ་ཁྲི3ལྷག་འགྲན་བསྡུར་དུ་ཞུགས་པ་དང་། དེ་ལས་ཧྲན་ཞི་བོད་ལྗོངས་འགྲན་ཁུལ་དུ་བོད་ལྗོངས་མི་རིགས་སློབ་གླིང་འདུས་པའི་སློབ་གྲྭ46གི་རུ་ཁག522འགྲན་བསྡུར་དུ་ཞུགས་པ་ཡིན་ལ། བོད་ལྗོངས་མི་རིགས་སློབ་གླིང་ཆ་འཕྲིན་བཟོ་བཀོད་སློབ་གླིང་གི་སློབ་མ་བསྟན་འཛིན་ཕུན་ཚོགས་དང་། ཝང་ཡ་ཧྲི། ཀོ་ལེ་ཅུན་བཅས་ཀྱིས་ཇུས་འགོད་བྱས་པའིX401འཕུར་གྲུ་འཕྲུལ་ཆས(ཁ)ཞེས་པར་ཧྲན་ཞི་འགྲན་ཁུལ་གྱི་བྱ་དགའ་ཨང་དང་པོ་ཐོབ་པའི་ཁར། འགྲན་ཁུལ་དེའི་ཕྱོགས་བསྡུས་ཚོད་དཔྱད་དང་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་བསྐྱར་དཔྱད་ཚོད་རྒྱུགས་སོགས་ཀྱི་གོ་རིམ་བརྒྱུད་མཐར་རྒྱལ་ཁབ་ཀྱི་བྱ་དགའ་དཔྱད་འདེམ་ཁྲོད་མཚམས་སྦྱོར་བྱས་པ་དང་། རྒྱལ་ཡོངས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཚོད་དཔྱད་དང་བསྐྱར་དཔྱད་བརྒྱུད། ཟླ10བའི་ཚེས18ཉིན། 2013ལོའི་རྒྱལ་ཡོངས་སློབ་ཆེན་སློབ་མའི་གློག་རྡུལ་ཇུས་འགོད་འགྲན་བསྡུར་དུ་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བོད་ལྗོངས་མི་རིགས་སློབ་གླིང་གི་སློབ་མས་རྒྱལ་ཡོངས་བྱ་དགའ་ཨང་གཉིས་པའི་གཟེངས་ཐོན་གྲུབ་འབྲས་བླངས།

འབྲེལ་ཡོད་འོས་སྦྱོར།