《ཚེས་རི》ཞེས་པའི་ལོ་དེབ་རྩོམ་སྒྲིག་ཁང་གི་རྩོམ་བསྡུའི་བརྡ་སྦྱོར།
རྩོམ་པ་པོ།:ནུབ་རླུང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-10-22
ཀློག་གྲངས།:
《ཚེས་རི》ཞེས་པའི་ལོ་དེབ་འདི་ནི་ལོ་ཁ་ཤས་ཀྱི་སྔོན་ནས་དཀའ་ངལ་ལ་གདོང་ཐུག་རྒྱབ་སྟེ་ཀློག་མཁན་ཚོའི་སྤྱན་སྔར་དགྱེས་འཛུམ་ཆུང་ཆུང་རེ་བསྟན་ཟིན་ཞིང་། ད་ལོ་ཡང་རྩོམ་པ་པོ་དག་གི་རྣམ་དཔྱོད་ཀྱི་ཟེགས་མ་ཚེས་རིའི་བསིལ་ཟེར་ལ་བརྒྱུས་ནས་རྒྱ་ཆེའི་ཀློག་པ་པོ་དག་གི་སེམས་ཀྱི་གསོས་སུ་འབུལ་རྩིས་ཡོད་པས། ལྟ་གྲུབ་དང་བསམ་བློའི་ཆུ་མཚོ་ཤེས་རྟོགས་ཀྱིས་སྲུབ་པའི་ལྗགས་རྩོམ་གཅེས་ནོར་དང་འདྲ་བ་དག་སྐུར་གནང་ཡོང་བར་རེ་བས་སྒུག་ཡོད།
ད་ལོའི་ཧོར་ཟླ10བའི་ཚེས25ནས་རྩོམ་བསྡུ་མཚམས་འཇོག་རྒྱུ་ཡིན། རྩོམ་པ་པོ་རྣམས་ཀྱིས་རང་རང་གི་ཕྱག་ལས་ཐད་ཀྱི་གསལ་བཤད་ཐུང་ངུ་རེ་དང་ཁ་པར་ཨང་གྲངས་ རྣམས་སྐུར་དགོས།
སྐད་འཕྲིན་ཨང་གྲངས། 2727409425དང853070637
ཡིག་ཟམ། 853070637@qq.com
འབྲེལ་གཏུག་ཁ་པར། 13897131000དང13209731900
2013ལོའི་ཧོར་ཟླ9ཚེས15ཉིན་ཚེས་རི་རྩོམ་སྒྲིག་པས་གུས་ཕུལ།
འབྲེལ་ཡོད་འོས་སྦྱོར།