logo

སློབ་རའི་ཉི་གཞོན་ཚགས་པར་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:ཉི་གཞོན་ཚགས་པར་རྩོམ་སྒྲིག་ཁང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-21 ཀློག་གྲངས།:

甘加早日校园报发行
 《སློབ་རའི་ཉི་གཞོན་ཚགས་པར》འདོན་ཐེངས་དང་བོའི་པར་ངོས་དང་བོ།


《སློབ་རའི་ཉི་གཞོན་ཚགས་པར》འདོན་ཐེངས་དང་པོ།

 

  སློབ་རའི་ཉི་གཞོན་ཚགས་པར་ནི2013ལོའི་སྤྱི་ཟླ10བའི་ཚེས20ཉིན།  བསང་ཆུ་རྫོང་རྒན་གྱ་ཞང་ཞག་སྡོད་སློབ་གྲྭ་ནས་སློབ་ཁུལ་གྱི་སློབ་སྟོན་པས་བཀོད་སྒྲིག་ལྟར་ཐོག་དང་བོར་གསར་དུ་བཏོད་པ་ཞིག་ཡིན་ལ། འདི་ནི་ཕྱིན་ཆད་ཀྱི་དུས་ཚོད་ནང་རྒན་གྱ་སློབ་ཁུལ་གྱི་དགེ་སློབ་ཡོངས་ཀྱི་སེམས་གཏམ་བརྗོད་སའི་བློས་ཐུབ་ཀྱི་གྲོགས་པོ་བཟང་བོ་དང་།  སློབ་ཁྲིད་དང་སློབ་སྦྱོང་གི་ངལ་དུབ་བར་ནས་ངལ་གསོ་ས་དང་སློབ་གྲོགས་ཆུང་ཆུང་ཚོའི་རྩེད་རོགས་ཡག་པོ་ཡང་ཡིན་ངེས།  ཚགས་པར་འདིའི་ཐོག་ལ་འགོད་འགྱུར་གྱི་རྩོམ་ཡིག་རྣམས་ང་ཚོས་མཚོ་སྔོན་ཞིང་ཆེན་གྱི་གངས་རྒྱན་ན་ཆུང་ཚགས་པར་དང་བསང་ཆུ་རྫོང་གུང་གཞོན་ཚོགས་པའི་བསང་ཆུའི་ན་གཞོན་ཞེས་པའི་ཚགས་པར་སོགས་ལ་མཚམས་སྦྱོར་བྱ་ངེས་ཡིན་པས།  ཕ་ཡུལ་གྱི་ནང་མི་སྤུན་ཟླ་དང་སློབ་གྲོགས་ཡོངས་ཀྱིས་སློབ་རའི་ནང་གི་ཉི་མ་གཞོན་ནུ་ལྟ་བུའི་ཚགས་པར་ཆུང་ཆུང་འདིའི་འབྱུང་འགྱུར་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཕྱོགས་ཡོངས་ནས་གནང་རྒྱུ་མ་བརྗེད་པར་ཞུ་ཞུ། 


        ཞེས་སློབ་རའི་ཉི་གཞོན་ཚགས་པར་རྩོམ་སྒྲིག་ཁང་ནས།
        2013ལོའི་སྤྱི་ཟླ10བའི་ཚེས་20ཉིན་གུས་པས་ཕུལ་ལོ། །


འབྲེལ་ཡོད་འོས་སྦྱོར།