logo

གཏེར་ལེན་ཁ་གྲོང་ཁྱེར་མི་རིགས་སློབ་འབྲིང་དུ་མཛའ་བརྩེའི་རིག་རྩལ་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་། རིན་ཆེན་དོན་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-13 ཀློག་གྲངས།:


གཏེར་ལེན་ཁ་གྲོང་ཁྱེར་མི་རིགས་སློབ་འབྲིང་དུ་མཛའ་བརྩེའི་རིག་རྩལ་བྱ་འགུལ་སྤེལ་བ།

གཏེར་ལེན་ཁ་གྲོང་ཁྱེར་མི་རིགས་སློབ་འབྲིང་དུ་མཛའ་བརྩེའི་རིག་རྩལ་བྱ་འགུལ་སྤེལ་བ།

  ཉེ་ཆར། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་དང་གཏེར་ལེན་ཁ་གྲོང་ཁྱེར་མི་རིགས་སློབ་གྲྭ་གཉིས་ཀྱིས་མཉམ་འབྲེལ་གྱི་སྒོ་ནས་མི་རིགས་མཐུན་སྒྲིལ་བརྗོད་བྱ་ཡིན་པའི་མཛའ་བརྩེའི་རིག་རྩལ་བྱ་འགུལ་དེ་གཏེར་ལེན་ཁ་གྲོང་ཁྱེར་མི་རིགས་སློབ་གྲྭ་རུ་སྤེལ།
  དེ་ཡང་ལོ་རེའི་ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་ནི་ན་ཆུང་གདོང་ལེན་རུ་ཁག་བཙུགས་པའི་ཉིན་མོ་ཡིན་ལ། ད་ལོ་ནི་ན་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་འཁོར་རེ་བཞི་ལོན་པའི་ལོ་ཡིན། ན་ཆུང་གདོང་ལེན་རུ་ཁག་གི་དུས་ཆེན་འདི་དང་བསྟུན་ནས་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་དང་གཏེར་ལེན་ཁ་གྲོང་ཁྱེར་མི་རིགས་སློབ་གྲྭ་གཉིས་ཀྱིས་མཉམ་འབྲེལ་གྱི་སྒོ་ནས་མི་རིགས་མཐུན་སྒྲིལ་བརྗོད་བྱ་ཡིན་པའི་མཛའ་བརྩེའི་རིག་རྩལ་བྱ་འགུལ་དེ་གཏེར་ལེན་ཁ་གྲོང་ཁྱེར་མི་རིགས་སློབ་གྲྭ་རུ་སྤེལ་ཞིང་། ཐེངས་འདིའི་བྱ་འགུལ་ལ་ཐོག་མར་ན་ཆུང་གདོང་ལེན་པ་ཡོངས་ཀྱིས་མཉམ་གཅིག་ཏུ་གུང་ཁྲན་ཏང་ལ་དགའ་བ་དང་། མེས་རྒྱལ་ལ་དགའ་བ། མི་དམངས་ལ་དགའ་བའི་ཆོད་སེམས་བཞག་ཅིང་།  དེའི་རྗེས་སློབ་གྲྭ་འདི་གཉིས་ཀྱིས་སྔ་མོ་ནས་གྲ་སྒྲིག་བྱས་པའི་ཕུན་སུམ་ཚོགས་པའི་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས། འཁྲབ་སྟོན་གྱི་རྣམ་པ་ལ་བོད་རིགས་ཀྱི་ཞབས་བྲོ་དང་། སོག་རིགས་ཀྱི་ཞབས་བྲོ།  པི་ཝང་རྟ་མགོ་མ། སྒྲ་སྙན་རྡུང་ལེན། མཉམ་ལེན་སོགས་ཡོད་ལ། རྣམ་པ་མང་ལ་ནང་དོན་ཕུན་སུམ་ཚོགས་པའི་མཛའ་བརྩེའི་བྱ་འགུལ་འདིས་སློབ་ར་ཡོངས་ལ་མི་རིགས་མཐུན་སྒྲིལ་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།
  ཐེངས་འདིའི་བྱ་འགུལ་བརྒྱུད་ནས། མེས་རྒྱལ་གྱི་མ་འོངས་པའི་རྒྱུད་འཛིན་པ་འདི་དག་གི་སེམས་ཁོང་དུ་མི་རིགས་མཐུན་སྒྲིལ་གྱི་བག་ཆགས་ཟབ་མོ་ཞིག་བཞག་པར་མ་ཟད། སློབ་གྲྭ་འདི་གཉིས་ཀྱིས་དེང་ཕྱིན་གྱི་མཛའ་བརྩེའི་བྱ་འགུལ་གང་རུང་ཞིག་སྤེལ་བར་རྨང་གཞི་ཟབ་མོ་ཞིག་བཏང་ལ།  མ་འོངས་པར་སློབ་གྲྭ་འདི་གཉིས་ཀྱིས་ཕན་ཚུན་ལག་རྡང་སྦྲེལ་ནས་ཤེས་རིག་གི་ཞིང་ཁམས་སུ་བསྐྱོད་ནས་མཐུན་སྒྲིལ་གྱི་གསེར་ཟམ་འཛུགས་པར་ང་ཚོ་ལ་ཡིད་ཆེས་བརྟན་པོ་ཞིག་བཞག


འབྲེལ་ཡོད་འོས་སྦྱོར།