logo

ཆབ་མདོ་ས་ཁུལ་གྱི་མཁར་རོ་གནའ་ཤུལ་ལ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་དང་འདོན་སྤེལ་བྱ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-08 ཀློག་གྲངས།:

  ཉེ་ཆར་རྒྱུས་ལོན་བྱུང་བ་ལྟར་ན། མཁར་རོ་གནའ་ཤུལ་ལ་སྲུང་སྐྱོབ་དང་འདོན་སྤེལ་བྱ་ཆེད་ཆབ་མདོ་ས་ཁུལ་གྱིས་སི་ཁྲོན་སློབ་ཆེན་གྱི་ཆེད་མཁས་ལ་མངག་བཅོལ་བྱས་ནས་བསྒྲིགས་པའི《བོད་ལྗོངས་མཁར་རོའི་འཛམ་གླིང་རིག་གནས་གནས་སྐོར་སྤྲོ་གསེང་གླིང་གི་འཆར་བཀོད》དེ་ཞིབ་བཤེར་བྱས་ཏེ་མུ་མཐུད་དུ་འཐུས་ཚང་དུ་གཏོང་བཞིན་ཡོད་ཅིང་། འཆར་བཀོད་གཏན་འབེབ་བྱས་རྗེས་རྒྱལ་ཁབ་ཀྱི་དངུལ་གཏོང་ལ་རེ་ཞུ་བྱས་ནས་དུས་བགོས་ལྟར་ལག་བསྟར་བྱ་རྒྱུ་རེད། 

  ད་ལོར་ཆབ་མདོ་ས་ཁུལ་གྱིས་སི་ཁྲོན་སློབ་ཆེན་ལ་མངག་བཅོལ་བྱས་ནས་འཆར་བཀོད་བསྒྲིགས་ཤིང་། བོད་རིག་པ་དང་། གནའ་རྫས་རྟོག་དཔྱོད། གནས་སྐོར། བཟོ་བཀོད། མཛེས་ལྗོངས་སོགས་ཀྱི་ཆེད་མཁས་འདུས་པའི་དཔྱད་གཞི་ཚན་ཁག་བཙུགས། འཆར་བཀོད་ལྟར་ན་མཁར་རོའི་འཛམ་གླིང་རིག་གནས་གནས་སྐོར་སྤྲོ་གསེང་གླིང་དུ་འཇུག་སྒོ་ས་ཁུལ་དང་། མཁར་རོའི་གནའ་ཤུལ་གྱི་འགྲེམ་སྟོན་ས་ཁུལ། ཆུ་ཁོལ་སྤྲོ་གསེང་གླིང་། བོད་པ་ཚང་གི་དམངས་སྲོལ་མྱོང་རོལ་ས་ཁུལ། རིག་གནས་ཤུལ་བཞག་གཤམས་་སྟོན་གླིང་སོགས་འདུས་པ་རེད། 


འབྲེལ་ཡོད་འོས་སྦྱོར།