གཟུགས་འདས་ཤུལ་བཞག་རིག་གནས་གྲངས་མཛོད་འཛུགས་སྐྲུན་གྱིས་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་བྱ་ངེས།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-10-02
ཀློག་གྲངས།:
མིག་སྔར་བོད་ལྗོངས་ཆབ་མདོ་ས་ཁུལ་དུ་གཟུགས་འདས་ཤུལ་བཞག་རིག་གནས་གྲངས་མཛོད་འཛུགས་སྐྲུན་གྱི་ལས་གྲྭ་མགོ་བརྩམས་ཤིང་། ཆབ་མདོ་ནི་ཀྲུང་གོའི་གཟུགས་འདས་ཤུལ་བཞག་རིག་གནས་གྲངས་འཛིན་ཅན་དུ་བསྒྱུར་པའི་སྲུང་སྐྱོབ་ལས་གྲྭའི་ཚོད་ལྟའི་ས་ཁུལ11ཁྲོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཚོད་ལྟའི་ས་ཁུལ་ཁོ་ན་ཡིན་པ་རེད། མིག་སྔའི་བར་དུ་ཆབ་མདོ་རུ་ཆབ་མདོའི་སྐོར་བྲོ་ཁག232དང་། སྨར་ཁམས་ཀྱི་པི་ཝང་ཁག131། སྟིང་ཆེན་གྱི་རལ་པ་ཁག50བཅས་གྲངས་མཛོད་དུ་བཞག
གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་འདི་དག་རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་གྲངས་འཛིན་ཅན་དུ་བསྒྱུར་པའི་སྲུང་སྐྱོབ་དོ་དམ་གྱི་སྤྱི་བའི་སྟེགས་བུའི་སྟེང་འཇོག་རྒྱུ་ཡིན་ཞིང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཆ་འཕྲིན་དང་རིག་གཞུང་ཞིབ་འཇུག་གི་ཆ་འཕྲིན་གསལ་བསྒྲགས་བྱེད་པའི་འབྱུང་ཁུངས་སུ་འགྱུར་ངེས།
འབྲེལ་ཡོད་འོས་སྦྱོར།