logo

ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭ་གསར་པར་སློབ་ཚུགས་མཛད་སྒོའི་ཚོགས་ཆེན་བསྡུས་པ།

རྩོམ་པ་པོ།:སྦྱིན་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-01 ཀློག་གྲངས།:

玉树 八一职业技术学校
སློབ་ཚུགས་མཛད་སྒོ་སྡུད་བཞིན་པའི་ཡུལ་དངོས།

གསོ་རིག་ཆེད་ལས་ཀྱི་གསར་ཞུགས་སློབ་མ།

  ཟླ9པའི་ཚེས18ཉིན། ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭས་སློབ་གླིང་གསར་པར་སློབ་ཚུགས་མཛད་སྒོ་དང་དགེ་རྒན་དུས་ཆེན་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་མཛད་སྒོ་གཉིས་པོ་མཉམ་གཅིག་ཏུ་སྤེལ་ཞིང་། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་དབུ་ཁྲིད་རྣམ་པ་དང་སློབ་གླིང་དགེ་སློབ་རྣམས་མཛད་སྒོའི་སྟེང་ཞུགས་པ་རེད། མཛད་སྒོའི་དབུ་ཉི་འོད་དང་ལྷན་དུ་སྨིན་བྱེད་ཀྱི་སྦྲང་ཆར་ཟིམ་ཟིམ་དུ་འབབ་པའི་སྔ་དྲོའི་དུས་སྐབས་དེར་སྙན་ཞིང་འཇེབས་པའི་རོལ་དབྱངས་དང་འགྲོག་སྟེ། མདོ་འཛིན་པ་རྒན་ཡོན་ཏན་ཤེས་རབ་སོགས་ཀྱིས་དབུ་འཛིན་སྐུ་མགྲོན་རྣམ་པའི་མདུན་ཕྱོགས་ནས་སྐྱོད་བཞིན་པའི་བོད་ཡིག་ཚན་ཁག་དང་བོད་ཀྱི་གསོ་རིག་ཚན་ཁག དེང་རབས་གསོ་རིག་ཚན་ཁག ཡུལ་སྐོར་ཞབས་ཞུ་ཚན་ཁག མཛེས་རྩལ་ཚན་ཁག གོས་བཟོའི་ཚན་ཁག རྩིས་གཉེར་ཚན་ཁག བྱིས་པའི་སློབ་གསོ་ཚན་ཁག ནད་གཡོག་ཚན་ཁག རོལ་དབྱངས་ཚན་ཁག་སོགས་ཆེད་ལས་ཚན་ཁག་སོ་སོར་བྱས་ཏེ་རུ་དར་སྒྲིག་པའི། ཆེད་ལས་ཚན་ཁག་དེ་དག་གི་ཁྱད་ཆོས་བརྗོད་པའི་སྒོ་ནས་མཚམས་སྦྱོར་གནང་བ་རེད། དེ་མིན་སློབ་གྲྭའི་སློབ་སྤྱི་རྒན་པ་སྐྱིད་དགེ་ལེགས་དང་སློབ་སྤྱི་གཞོན་པ་ཡོན་ཏན་ཤེས་རབ་སོགས་སློབ་གྲྭའི་གཙོ་འཛིན་རྣམ་པ་དང་། འབྲེལ་ཡོད་ཁུལ་སློབ་གསོ་ལས་ཁུངས་ཀྱི་གཙོ་འཛིན་སོགས་དབུ་ཁྲིད་རྣམ་པས་སློབ་གྲྭའི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབས་མ་འོངས་པའི་རེ་འདུན་དང་། སློབ་གླིང་གསར་པ་འདི་འཛུགས་པ་ལ་རྒྱབ་སྐྱོར་རོགས་རམ་གནང་མཁན་རྣམ་པར་བཀྲ་དྲིན་ཞུ་བ་བཅས་ཀྱི་སྒོ་ནས་གཏམ་བཤད་གནང་བར་མ་ཟད། དགེ་སློབ་རྣམས་ཀྱིས་ཐལ་མོ་རྡེབ་པའི་སྒྲས་རྩལ་སྦྱོང་ཐང་ཆེན་ཕྱོགས་ཀུན་ཁྱབ་པར་བྱས། དེ་ནས་ཕུལ་བྱུང་གི་དགེ་རྒན་དང་ཕུལ་བྱུང་སློབ་མ་རྣམ་པའི་མཚན་རིམ་སྨོས་ཏེ་གཟེངས་བསྟོད་ལག་ཁྱེར་གནང་བ་རེད།


འཚེམ་བཟོའི་ཆེད་ལས་ཀྱི་སློབ་མ་རྣམས་ཀྱི་འཚེམ་བཟོ་བྱེད་བཞིན་པ།


མཛེས་རྩལ་ཆེད་ལས་ཀྱི་དགེ་སློབ་རྣམས་ཀྱིས་ཁྲིད་སྦྱོང་བྱེད་བཞིན་པ།


འབྲེལ་ཡོད་འོས་སྦྱོར།