མི་རིགས་སྐད་ཡིག་གི་མཉེན་ཆས་གསར་བསྐྲུན་སྟེགས་བུའི་སློབ་རར་སྐོར་བསྐྱོད་སྒྲོག་འགྲེལ་གྱི་བྱ་འགུལ་སྤེལ་པ།

མི་རིགས་སྐད་ཡིག་གི་མཉེན་ཆས་གསར་བསྐྲུན་སྟེགས་བུའི་སློབ་རར་སྐོར་བསྐྱོད་སྒྲོག་འགྲེལ་བྱ་འགུལ་སྤེལ་པ།
མི་རིགས་སྐད་ཡིག་གི་མཉེན་ཆས་གསར་བསྐྲུན་སྟེགས་བུའི་སློབ་རར་སྐོར་བསྐྱོད་སྒྲོག་འགྲེལ་བྱ་འགུལ་སྤེལ་པ།
ཟླ9པའི་ཚེས22ཉིན། མི་རིགས་སྐད་ཡིག་གི་མཉེན་ཆས་གསར་བསྐྲུན་སྟེགས་བུའི་སློབ་རར་སྐོར་བསྐྱོད་སྒྲོག་འགྲེལ་བྱ་འགུལ་དེ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས་པ་རེད།
མི་རིགས་སྐད་ཡིག་གི་མཉེན་ཆས་གསར་བསྐྲུན་སྟེགས་བུ་དེའི་དམིགས་འབེན་ནི་གཙོ་བོ་རྒྱལ་ནང་གི་མི་རིགས་སྐད་ཡིག་མཉེན་ཆས་ཀྱི་ཆེད་ལས་མི་སྣ་ཕན་ཚུན་བར་འབྲེལ་འདྲིས་དང་མཉམ་ལས་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་སྟེགས་བུ་ཞིག་བསྐྲུན་རྒྱུ་དེ་ཡིན་ཞིང་། སྟེགས་བུ་དེར་བརྒྱུད་ནས་རྒྱལ་ནང་གི་མི་རིགས་སྐད་ཡིག་ཆ་འཕྲིན་ཅན་དུ་བསྒྱུར་པའི་ཆེད་ལས་འཇོན་མི་གཅིག་ཏུ་བསྡུས་ཏེ། མི་རིགས་སྐད་ཡིག་གི་མཉེན་ཆས་ཐོན་རྫས་འདོན་སྤེལ་དང་མི་རིགས་ས་ཁུལ་གྱི་ཆ་འཕྲིན་ཅན་དུ་བསྒྱུར་བའི་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་རེད།
