ལོ་ན་ཆེས་གཞོན་པའི་གེ་སར་སྒྲུང་པ་སྲིད་ཐར་རྡོ་རྗེའི་སྒྲུང་བཤད་སྒྲ་ཕབ་བྱ་བ་འགོ་ཚུགས་པ།

སྲིད་ཐར་རྡོ་རྗེའི་གེ་སར་སྒྲུང་བཤད་སྒྲུ་ཕབ་བྱེད་བཞིན་པ།
སྲིད་ཐར་རྡོ་རྗེའི་གེ་སར་སྒྲུང་བཤད་སྒྲུ་ཕབ་བྱེད་བཞིན་པ།
ཉེ་ཆར། བོད་ལྗོངས་སློབ་ཆེན་བོད་ཀྱི་རིག་གནས་ཞིབ་འཇུག་ཁང་དང་དཔེ་མཛོད་ཁང་། དེང་རབས་སློབ་གསོ་ལག་རྩལ་ལྟེ་གནས་བཅས་ཀྱིས་མཉམ་དུ་རྩ་འཛུགས་བྱས་པའི་གེ་སར་སྒྲུང་པ་སྲིད་ཐར་རྡོ་རྗེའི《གེ་སར》སྒྲུང་བཤད་སྒྲ་ཕབ་ཀྱི་བྱ་བ་དེ་བོད་ལྗོངས་སློབ་ཆེན་འགྲེམ་གཏོང་ཁང་དུ་དངོས་སུ་འགོ་བརྩམས་ཤིང་། དེང་རབས་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་སྲིད་ཐར་རྡོ་རྗེ་ལགས་ཀྱིས་བཤད་པའི《གེ་སར》སྒྲུང་དེ་སྒྲ་གཟུགས་གཉིས་ནས་ཟིན་ཐོར་བཀོད་དེ་ཡིག་ཚགས་སུ་བཞག
སྲིད་ཐར་རྡོ་རྗེ་ལགས་ཀྱིས་བཤད་རྒྱུར། སྔོན་མ་ཁོང་གིས་སྒྲ་སྡུད་འཕྲུལ་ཆས་ལ་བརྟེན་ནས་ལེགས་སྒྲིག་བྱེད་དུས་དུས་ཚོད་མང་པོ་ཞིག་སྤྱོད་དགོས་ཤིང་། ད་ལྟ་བར་གསེང་དང་གཟའ་མཇུག་གི་དུས་ཚོད་སྤྱད་ནས་སྒྲ་ཕབ་བྱེད་པ་དང་། དེས་ཁོང་གི་སློབ་སྦྱོང་ལའང་བཀག་རྐྱེན་མི་ཐེབས་ལ། བོད་ལྗོངས་སློབ་ཆེན་གྱིས་གེ་སར་སྒྲུང་ལ་མཐོང་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་ཞེས་བརྗོད་པ་རེད།
