logo

ཐེངས་དང་པོའི་གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ། དུས་ཚོད།:2013-09-06 ཀློག་གྲངས།:

雍仲本教第一届也如辩经大会
ཐེངས་དང་པོའི་གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་བསྡུས་པ།

འཆད་རྩོད་སྤེལ་པའི་ཡུལ་དངོས།

  ཟླ8པའི་ཚེས30ཉིན་ནས་ཟླ9པའི་ཚེས4ཉིན་བར། ཐེངས་དང་པོའི་གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་དེ་སི་ཁྲོན་ཟུང་ཆུའི་གཙོ་ཚང་གྲོང་རྡལ་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་གཟབ་རྒྱས་ངང་བསྡུས་པ་རེད། ཐེངས་འདིའི་གཡུང་དྲུང་བོན་གྱི་རིག་གནས་དང་ལོ་རྒྱུས་བགྲོ་གླེང་།འཆད་རྩོད་སྟེང་སི་ཁྲོན་དང་། ལྷ་ས། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ནས་ཡོང་བའི་བླ་སྤྲུལ་སྟོང་གཉིས་ལྷག་ཞུགས་ཡོད་པ་རེད།
  ཐེངས་འདིའི་འཆད་རྩོད་ཆེན་མོ་ལ་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་གྱི་རྒྱུན་ཨུ་གྲོས་ཚོགས་དང་། འཆད་རྩོད་ཆེན་མོ། གྲོས་ཞིབ་ཚོགས་འདུ་བཅས་རྣམ་པ་མི་འདྲ་བའི་ཆོས་ཚོགས་གསུམ་དུ་དབྱེ་འདུག་ཅིང་། ཐེངས་འདིའི་འཆད་རྩོད་ཆེན་མོ་ནི་གཡུང་དྲུང་བོན་གྱི་དགོན་པ་བདུན་བརྒྱ་ལྷག་གིས་མཉམ་དུ་བསྡུས་པའི་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་རྒྱུན་ལས་ལས་འཛིན་གྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཡང་ཡིན་པ་རེད།
  ཚོགས་ཐོག་ལ་ཞུགས་པའི་གཡུང་དྲུང་བོན་གྱི་བླ་སྤྲུལ་རྣམས་ཀྱིས་ཐེངས་འདིའི་ཚོགས་ཆེན་གྱི་སྒྲིག་སྲོལ་དང་དམིགས་ཡུལ་ཕྱོགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གདོང་བཙུན་རྒྱ་ཐར་ལགས་ཀྱིས་བཀྲ་ཤིས་པའི་ཚོགས་ཆེན་གྱི་དོན་སྙིང་དང་འགྲོ་རིམ་སོགས་ནས་སྙན་སྒྲོན་ཕུལ་བ་རེད།


འབྲེལ་ཡོད་འོས་སྦྱོར།