logo

སི་ཁྲོན་དང་ཡུན་ནན་ཁྲིམས་ཁང་གི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་ཁྲིན་ཏུའུ་རུ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-05 ཀློག་གྲངས།:
        ཉེ་ལམ། བོད་ཁུལ་ཁྲིམས་དཔོན་གྱི་སྐད་གཉིས་འདྲི་གཅོད་ཀྱི་བྱ་བའི་ནུས་ཤུགས་སྔར་ལས་མཐོར་འདེགས་སུ་གཏོང་ཆེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མངགས་བཅོལ་འོག   སི་ཁྲོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་སྤེལ་བའི་སི་ཁྲོན་དང་ཡུན་ནན་བོད་ཁུལ་གྱི་ཁྲིམས་ཁང་གི་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་དེ་ཁྲིན་ཏུའུ་རུ་བསྡུས་ཤིང་། ཞིང་ཆེན་འདི་གཉིས་ཀའི་བོད་ཁུལ་ཁྲིམས་ཁང་གི་ཁྲིམས་དཔོན40ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པ་དང་། འབྲེལ་ཡོད་འགོ་ཁྲིད་གསོ་སྦྱོང་འཛིན་གྲྭའི་མཛད་སྒོར་ཞུགས།
        རྒྱུས་ལོན་པ་ལྟར་ན། དུས་ཡུན་ཟླ་གཅིག་གི་གསོ་སྦྱོང་ཁྲོད། ཆེད་དུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གདན་འདྲེན་ཞུས་ཤིང་། འདྲི་གཅོད་བྱ་བ་དམིགས་སུ་བཟུང་སྟེ་འཆད་ཁྲིད་གནང་བ་དང་། སྐད་རིགས་གསོ་སྦྱོང་ཇེ་དྲག་ཏུ་གཏོང་བའི་རྨང་གཞིའི་སྟེང་བོད་ཀྱི་རིག་གནས་གཞུང་ལུགས་དང་། བོད་ཀྱི་ཡུལ་སྲོལ་གོམས་གཤིས། སྐད་གཉིས་གྱོད་གཞིའི་ཁྲིམས་སའི་འདྲི་གཅོད་དང་གཏུག་བཤེར། ཡིག་སྒྱུར་སོགས་ནང་དོན་འདུས་ལ། གཙོ་ཆེར་སྐད་གཉིས་ཁྲིམས་དཔོན་གྱིས་སྐད་རིགས་ཀྱི་ཁྱད་འཕགས་རང་བཞིན་བེད་སྤྱོད་སྒོས་ཁྲིམས་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་དང་། སྐད་གཉིས་ཁྲིམས་དཔོན་གྱི་ཁྲིམས་འཛིན་ནུས་ཤུགས་མཐོར་འདེགས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།


འབྲེལ་ཡོད་འོས་སྦྱོར།