logo

རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཐེངས་བཅུ་གསུམ་པ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-03 ཀློག་གྲངས།:

第十三次全国藏文传媒协作会议在甘肃省合作市召开
རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཐེངས་བཅུ་གསུམ་པ་བསྡུས་པ།

  ཟླ9པའི་ཚེས1ཉིན། ཀན་ལྷོའི་ཉིན་རེའི་གསར་འགྱུར་གྱིས་འགན་སྒྲུབ་བྱས་པའི་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཐེངས་བཅུ་གསུམ་པ་དེ་ཀན་ལྷོའི་གཙོས་གྲོང་ཁྱེར་དུ་བསྡུས་ཤིང་། པེ་ཅིང་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་ནས་ཡོང་བའི་བོད་ཡིག་ཚགས་པར་དང་དུས་དེབ། དྲ་ཚིགས་ཀྱི་གསར་འགྱུར་ལས་གཉེར་པ་མི60ལྷག་ཚོགས་འདུར་ཞུགས་པ་རེད།
  ཐེངས་འདིའི་ཚོགས་འདུའི་སྟེང་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཐེངས་བཅུ་གཉིས་པ་བསྡུས་པའི་ཚུན་ལ་བོད་ཡིག་སྨྱན་སྦྱོར་ཁག་གིས་གསར་འགྱུར་བརྒྱུད་སྒྲོག་བྱེད་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་བརྡ་ཆད་གསར་བའི་ཚད་ལྡན་གྱི་བསྒྱུར་ཐབས་ལ་གྲོས་ཞིབ་གནང་བས། བོད་ཡིག་དེ་དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས་གོང་དུ་སྤེལ་བར་དགེ་མཚན་ལྡན་པ་རེད། ཚོགས་འདུའི་སྟེང་བོད་ཡིག་གི་ཚགས་པར་དང་དུས་དེབ། དྲ་རྒྱའི་སྨྱར་སྦྱོར་གྱིས་སྤེལ་བའི་གསར་འགྱུར་ལེགས་ཤས། འགྱུར་ཡིག་ལེགས་ཤས། པར་གཞི་ལེགས་ཤས། ཕུལ་བྱུང་དཔྱད་རྩོམ་སོགས་དཔྱད་འདེམས་བྱས།
  རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ནི1998ལོར་བཙུགས་པ་དང་། དེང་ཐོག་རྒྱལ་ཡོངས་ཀྱི་ལྗོངས་ཞིང་ལྔའི་བོད་ཡིག་ཚགས་པར་གྱི་མཐུན་སྦྱོར་ཚོགས་འདུ་ཞེས་མིང་བཏགས་པ་དང་། ཚོགས་འདུ་ཐེངས་བཅུ་པ་ནས་བཟུང་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཞེས་སུ་མིང་བསྒྱུར། ལོ་ངོ་བཅུ་ཕྲག་རིང་གི་འཕེལ་རིམ་བརྒྱུད་ནས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུས་བོད་ཡིག་སྨྱན་སྦྱོར་དེ་ཆ་འཕྲིན་བརྒྱུད་སྒྲོག་བྱེད་པའི་བརྒྱུད་རིམ་ཁྲོད་ཚད་ལྡན་ཅན་དང་། ཡང་དག་ཅན། ཆ་འཕྲིན་ཅན་དུ་བསྒྱུར་བའི་འགན་འཁྲི་དང་ལེན་བྱེད་བཞིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།