ལུའུ་ཞུན་རྩོམ་རིག་གླིང་གི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།

ལུའུ་ཞུན་རྩོམ་རིག་གླིང་གི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།
ཟླ8པའི་ཚེས13ཉིན་གྱི་སྔ་དྲོ། ལུའུ་ཞུན་རྩོམ་རིག་གླིང་གི་སྐབས་བདུན་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་ཟབ་སྦྱོང་འཛིན་གྲྭའི་ཚོགས་འདུའི་མཛད་སྒོ་དེ་མཚོ་སྔོན་དུ་བསྡུས་པ་དང་། ཚོགས་འདུའི་སྟེང་ཀྲུང་གོའི་རྩོམ་པ་པོ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཅན་དང་།མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅེ་ཏིས་མཱ་ཅཱ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པན་གོ མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་སོགས་ཀྱིས་མཛད་སྒོའི་ཚོགས་འདུའི་སྟེང་གཏམ་བཤད་སྤེལ།

ཟབ་སྦྱོང་ཡུལ་དངོས།
ཐེངས་འདིའི་ཚོགས་འདུ་ལ་མཚོ་སྔོན་གྱི་ས་ཁུལ་སོ་སོ་ནས་ཐོན་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ40ཞུགས་ཡོད་ལ། དེ་རུ་བོད་རིགས་རྩོམ་པ་པོ་སྟག་འབུམ་རྒྱལ་དང་། གཅན་མེ་སྟག གེ་སར། ཆོས་སྐྱོང་། ཁྲི་སེམས་དཔའ། མཛེས་སེ། རྡོ་སྦིས་རྡོ་རྗེ། མདོ་འཛིན་པ་ཚེ་རིང་བཀྲ་ཤིས། རེ་རྐང་གླིང་། མར་ཁུ་རྒྱལ་མཚན། བོང་སྟག་རི་ལུ། པད་མ་དབང་ཆེན། ཐོ་རེངས། ཁང་གསར་ཚེ་དབང་རིག་འཛིན། ཚེ་སྒྲོན་སྐྱིད་སོགས་བོད་རིགས་རྩོམ་པ་པོ་དང་རྩོམ་རིག་ལ་དུངས་པའི་མི20ཙམ་ཞུགས་ཡོད་ཅིང་། ཐེངས་འདིའི་ཟབ་སྦྱོང་ལ་ལུའུ་ཞུན་རྩོམ་རིག་གླིང་གིས་གདན་འདྲེན་བྱས་པའི་རྒྱལ་ཁབ་རིམ་པའི་རྩོམ་པ་པོ་ཁག་ཅིག་གིས་ཉིན་ཉི་ཤུའི་དུས་ཚོད་བེད་སྤྱད་ནས་རྩོམ་རིག་ཕྱོགས་ཀྱི་འཆད་ཁྲིད་གནང་རྒྱུ་རེད།
