རྒྱལ་ཁབ་རིག་གནས་པུའུ་ཡིས་མགོ་ལོག་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པ།
ཉེ་ཆར། རྒྱལ་ཁབ་རིག་གནས་པུའུ་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཐིན་གྱི་འགོ་ཁྲིད་དང་ཆེད་མཁས་རྣམས་མགོ་ལོག་ཁུལ་དུ་ཕྱིན་ནས་གེ་སར་རིག་གནས་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས་པ་རེད།
ཆེད་མཁས་ཚན་ཆུང་གིས་མགོ་ལོག་རྨ་ཆེན་དང་། དགའ་བདེ། དར་ལག་བཅས་རྫོང་གསུམ་དུ་ཨ་མྱེས་རྨ་ཆེན་དང་དམངས་ཁྲོད་ཀྱི་བསང་གཏོང་བའི་བྱེད་སྒོ། ར་རྒྱ་དགོན་པ། གེ་སར་རིག་གནས་སྤྱི་གླིང་། གེ་སར་དངོས་མང་བཤམས་སྟོན་ཁང་། དུར་བུད་གེ་སར་སྒྲུང་སྡེ། གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེ་སོགས་ལ་ཕྱིན་པར་མ་ཟད། གླིང་གེ་སར་རྒྱལ་པོའི་ཟློས་གར་འཁྲབ་སྟོན་ལ་གཟིགས་པ་རེད།
རིག་གནས་པུའི་མགོ་ཁྲིད་རྣམས་ཀྱིས་གཅིག་གྱུར་གྱིས་བསྟན་དོན། མགོ་ལོག་ཁུལ་དུ་གེ་སར་རིག་གནས་ཀྱི་རྫོངས་སྟུག་པོ་ཡོད་དེ། གེ་སར་རིག་གནས་རྒྱུན་འཛིན་གྱི་སྒྱུ་རྩལ་པ་དང་གེ་སར་རིག་གནས་གནས་ཤུལ་མང་པོ་ཡོད་པར་མ་ཟད། གེ་སར་རིག་གནས་དེ་ཡུལ་དེ་གའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁོང་གསེབ་རེ་རེར་འཐིམས་འདུག་པས། མགོ་ལོག་ཁུལ་གྱིས་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་བྱ་བ་བཏོན་པ་དེས་གེ་སར་རིག་གནས་འཛིན་སྤེལ་ལ་དགེ་མཚན་ཆེན་པོ་ལྡན་པ་རེད།