ཅི་ཏེ་མཱ་ཅའི་སྙན་ངག་གཅེས་བཏུས《མེ་ལྕེ་དང་ཐ་སྙད》ཅེས་པའི་བོད་འགྱུར་མ་འགྲེམ་སྤེལ་བྱས་པ།
ཅི་ཏེ་མཱ་ཅའི་སྙན་ངག་གཅེས་བཏུས《མེ་ལྕེ་དང་ཐ་སྙད》ཅེས་པའི་བོད་འགྱུར་མ་འགྲེམ་སྤེལ་བྱས་པ།
ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའི་པུའུ་ཀྲང་། སྙན་ངག་པ་གྲགས་ཅན་ཅི་ཏེ་མཱ་ཅའི་སྙན་ངག་གཅེས་བཏུས《མེ་ལྕེ་དང་ཐ་སྙད》ཅེས་པའི་བོད་འགྱུར་མ་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། 《མེ་ལྕེ་དང་ཐ་སྙད》བོད་འགྱུར་མ་ནི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ལུང་རིན་ཆེན་དང་ཨ་ལྡོང་དཔལ་རྡོ་ཐར་གྱིས་བོད་ཡིག་ཏུ་བསྒྱུར་བ་ཡིན་ལ། སྙན་ངག་གཅེས་བཏུས་ཁྲོད་ཅི་ཏེ་མཱ་ཅས་བརྩམས་པའི་སྙན་ངག200ལྷག་བཏུས་ཡོད་པ་རེད།
འགྲེམ་སྤེལ་མཛད་སྒོའི་སྟེང་ཅི་ཏེ་མཱ་ཅ་ལགས་ཀྱིས་བཤད་རྒྱུར། ངས་བརྩམས་པའི་སྙན་ངག་དེ་དག་བོད་ཡིག་ཏུ་བསྒྱུར་བ་ནི་ངའི་གཟི་བརྗིད་ཅིག་ཡིན་ཏེ། རྒྱུ་མཚན་ནི་ང་རང་མདོ་དབུས་མཐོ་སྒང་དུ་ལས་ཀ་གཉེར་གྱིན་ཡོད་པ་དང་། བོད་རིགས་མི་དམངས་དང་བོད་ཀྱི་རིག་གནས་ལ་རྒྱུན་དུ་འབྲེལ་བ་བྱེད་ཀྱིན་ཡོད་ལ། དེ་ལས་ཀྱང་གལ་ཆེ་བར་མཐོང་བ་ནི་ཡིག་རིགས་འདིའི་འཕེལ་རྒྱུན་གྱིས་ངའི་སྒྱུ་རྩལ་གྱི་ཚེ་སྲོག་དེ་མི་རིགས་གཞན་ཞིག་གི་ཡིག་རིགས་ཁྲོད་ཡང་བསྐྱར་གསོན་ཤུགས་རྒྱས་པའི་གོ་སྐབས་བསྩལ་སོང་ཞེས་བརྗོད་པ་རེད།