logo

ཡུན་ནན་བདེ་ཆེན་ཁུལ་གྱི་བོད་ཡིག་རིག་རྩལ་དུས་དེབ་ཐོག་མ་སྒོར་ཐོན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-13 ཀློག་གྲངས།:
  ཟླ8པའི་ཚེས6ཉིན། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཡིག་རིག་རྩལ་དུས་དེབ་ཐོག་མ་སྟེ《ལོག་ཕེབས》(བོད་ཡིག་པར་གཞི)ཞེས་པ་གསར་བསྒྲིགས་བྱེད་པའི་གྲོས་མོལ་ཚོགས་འདུ་བདེ་ཆེན་ཁུལ་དུ་བསྡུས་པ་རེད།
  《ལོག་ཕེབས》(བོད་ཡིག་པར་གཞི)ཞེས་པ་ནི་བདེ་ཆེན་ཁུལ་གྱི་བོད་ཡིག་རིག་རྩལ་དུས་དེབ་ཐོག་མ་ཡིན་ཞིང་། དུས་ཚིགས་རེར་ཐེངས་གཅིག་ལ་འགྲེམ་སྤེལ་བྱེད་པ་དང་། ཁ་བ་དཀར་པོ་རིག་གནས་ཁང་སོགས་ཀྱིས་གཙོ་སྒྲུབ་བྱེད་ཀྱིན་ཡོད། དུས་དེབ་དེས་བདེ་ཆེན་ཁུལ་གྱི་བོད་ཀྱི་རྩོམ་རིག་དར་སྤེལ་བྱེད་པ་དམིགས་བྱར་བྱས་ཐོག  བོད་ཀྱི་ཡུལ་ཁམས་གཞན་གྱི་བར་རིག་གནས་བགྲོ་གླེང་བྱེད་པ་དང་། ཁུལ་ཕྱི་ནང་གི་བོད་ཡིག་གསར་རྩོམ་པ་རྣམས་ལ་སྟེགས་བུ་ཞིག་བསྐྲུན་པ་རེད།


འབྲེལ་ཡོད་འོས་སྦྱོར།