གཅན་ཚའི་རིག་གནས་སློབ་གསོ་ཡར་སྐུལ་ཚོགས་པའི་ཐེངས་གསུམ་པའི་ཟབ་སྦྱོང་འཛིན་གྲྭའི་མཇུག་བསྡུས་པ།

གཅན་ཚའི་རིག་གནས་སློབ་གསོ་ཡར་སྐུལ་ཚོགས་པའི་ཐེངས་གསུམ་པའི་ཟབ་སྦྱོང་འཛིན་གྲྭའི་མཇུག་བསྡུས་པ།
གཅན་ཚའི་རིག་གནས་སློབ་གསོ་ཡར་སྐུལ་ཚོགས་པས་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་རོགས་དངུལ་གནང་བ།
ཟླ8པའི་ཚེས10ཉིན་གྱི་སྔ་དྲོར། གཅན་ཚའི་རིག་གནས་སློབ་གསོ་ཡར་སྐུལ་ཚོགས་པའི་ཐེངས་གསུམ་པའི་ཟབ་སྦྱོང་འཛིན་གྲྭ་མཇུག་བསྡུ་བའི་མཛད་སྒོ་གཅན་ཚའི་ལས་རིགས་ལག་རྩལ་སློབ་གྲྭ་ནས་སྤེལ། ཐེངས་འདིར་ཟབ་སྦྱོང་གི་འཛིན་གྲྭ་དགུ་ཡོད་དེ། མཐོ་འབྲིང་འཛིན་གྲྭ་གཉིས་དང་། དམའ་འབྲིང་འཛིན་གྲྭ་གཉིས། སློབ་ཆུང་འཛིན་གྲྭ་བཞི། ཡིག་རྨོངས་འཛིན་གྲྭ་གཅིག་བཅས་ཡོད་པ་རེད། མཛད་སྒོའི་སྟེང་དུ་ད་དུང་དཀའ་ཁག་ཆེ་བའི་ཁྱིམ་ཚང38ལ་རོགས་དངུལ་འོས་འཚམ་རེ་སྤྲོད་པའི་བྱ་འགུལ་ཡང་སྤེལ་ཞིང་། མཚན་འཛིན་ཚོགས་གཙོ་རྣམ་གཉིས་དང་། སྐུ་མགྲོན་གྲྭ་བཙུན་རེ་གཉིས། ཚོགས་མི་ལྔ་བཅུ་ལྷག དགེ་སློབ་དྲུག་བརྒྱ་ལྷག དེ་མིན་དབུལ་ཕོངས་ཁྱིམ་ཚང་གི་འཐུས་མི་སོ་བརྒྱད། ལྟད་མོ་བ་དང་བཅས་མི་སྣ་བརྒྱད་བརྒྱ་ལྷག་མཛད་སྒོའི་སྟེང་ཞུགས་ཡོད།
མཛད་སྒོའི་སྟེང་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ཀྱིས་སློབ་སྦྱོང་གི་མཇུག་འབྲས་སྙན་ཞུ་ཕུལ་བར་མ་ཟད། དམའ་འབྲིང་འཛིན་གྲྭའི་སློབ་མ་རྣམས་ཀྱིས《ལེགས་བཤད་ལྗོན་དབང》བློར་རྒྱུགས་སྤྲད་པ་དང་། མཐོ་གཅིག་འཛིན་གྲྭའི་སློབ་མ་རྣམས་ཀྱིས《སུམ་ཅུ་བའི་རྩ་བ》བློར་རྒྱུགས་སྤྲད། མཐོ་གཉིས་འཛིན་གྲྭའི་སློབ་མ་རྣམས་ཀྱིས《རྟགས་འཇུག་གི་རྩ་བ》བློར་རྒྱུགས་སྤྲད་པ་རེད། དེའི་རྗེས་དགེ་སློབ་གཉིས་ཀར་བྱ་དགའ་གནང་བ་དང་དབུལ་ཕོངས་ཁྱིམ་ཚང་ལ་རོགས་དངུལ་གནང་བ་སོགས་ཀྱི་བྱ་འགུལ་རབས་དང་རིམ་པ་སྤེལ་བ་རེད།
མཇུག་མཐར་མཛད་སྒོའི་སྤྱི་སྡོམ་དང་ཁ་གཡང་དྲོན་མོའི་ཁྲོད་གཅན་ཚའི་རིག་གནས་སློབ་ཡར་སྐུལ་ཚོགས་པའི་ཐེངས་གསུམ་པའི་ཟབ་སྦྱོང་འཛིན་གྲྭ་མཇུག་བསྡུ་བའི་མཛད་སྒོ་བདེ་བླག་ངང་མཇུག་རྫོགས་པ་རེད།
