logo

འཛམ་ཐང་རྫོང་གི་སྤང་ཐང་དགོན་དུ་རྡོ་བརྐོས་བཀའ་བསྟན་ཉར་ཚགས་བྱས་ཡོད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-10 ཀློག་གྲངས།:


སྤང་ཐང་དགོན་གྱི་བཀའ་བསྟན་རྡོ་འབུམ།
堆积的石刻大藏经孤品
སྤང་ཐང་དགོན་གྱི་བཀའ་བསྟན་རྡོ་འབུམ།

  སི་ཁྲོན་རྔ་བ་ཁུལ་འཛམ་ཐང་རྫོང་ཁོངས་ཀྱི་སྤང་ཐང་དགོན་དུ་ཕག་མོ་གྲུ་པའི་སྐབས་ནས་དགའ་ལྡན་ཕོ་བྲང་སྐབས་སུ་བརྐོས་པའི་བཀའ་བསྟན་རྡོ་ལེབ་འབུམ5ཆ་ཚང་བོར་ཉར་འདུག་སྟེ། དེའི་མཐོ་ཚད་ལ་གཡོན་དུ་སྨི9.7དང་གཡས་སུ་སྨི9.2ཡོད་ཅིང་། རིང་ཚད་ལ་སྨི46། གཡས་ཕྱོགས་ཀྱི་ཞེང་ལ་སྨི160དང་གཡོན་ཕྱོགས་ཀྱི་ཞེང་ལ་སྨི13ཡོད་ལ། སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ598ཡོད། དེ་ནི་འཛམ་གླིང་སྟེང་ཉར་ཚགས་བྱས་ཚུལ་ཆ་ཚང་ཡིན་པ་དང་གཞི་རྒྱ་ཆེས་ཆེ་བ། ནང་དོན་ཆེས་ཕུན་སུམ་ཚོགས་པའི་རྡོ་བརྐོས་བཀའ་བསྟན་དཀོན་པོ་ཡིན་པ་རེད། ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་བ་ལྟར་ན་དུས་རབས16པའི་དུས་མཇུག་དང་དུས་རབས17པའི་དུས་མགོར་བོད་ཀྱི་རྡོ་བརྐོས་པ་རྣམས་ཀྱིས་ལོ་དགུའི་རིང་ལ་བརྐོས་ཤིང་། རི་མོ་དང་ཡི་གེ་སྤེལ་མའི་སྒོ་ནས་འབྲི་རྩལ་གྱི་ཉམས་འགྱུར་གྱིས་ཕྱུག་པས། རིག་དངོས་དང་སྒྱུ་རྩལ་གྱི་ཞིབ་འཇུག་གི་རིན་ཐང་དོད་པོ་ལྡན་པ་རེད།
 


འབྲེལ་ཡོད་འོས་སྦྱོར།