logo

སྐབས་གསུམ་པའི་འཛམ་གླིང་གི་ན་གཞོན་གྱི་ནང་བསྟན་གྲོས་ཞིབ་ཚོགས་འདུ་ཞང་ཀང་དུ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-21 ཀློག་གྲངས།:

第三届世界青年佛学研讨会在香港圆满举行
སྐབས་གསུམ་པའི་འཛམ་གླིང་གི་ན་གཞོན་གྱི་ནང་བསྟན་གྲོས་ཞིབ་ཚོགས་འདུ་ཞང་ཀང་དུ་བསྡུས་པ།

  ཉེ་ཆར། འཛམ་གླིང་གི་ན་གཞོན་གྱི་ནང་བསྟན་ཞིབ་འཇུག་ཚོགས་པ་དང་ཞང་ཀང་སློབ་གསོའི་སློབ་གླིང་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་སྐབས་གསུམ་པའི་འཛམ་གླིང་གི་ན་གཞོན་གྱི་ནང་བསྟན་གྲོས་ཞིབ་ཚོགས་འདུ་དེ་ཞང་ཀང་དུ་བསྡུས་པ་རེད།
  གྲོས་ཞིབ་ཚོགས་འདུ་ཉིན་ལྔའི་རིང་དུ་སྤེལ་ཞིང་། ཨ་རི་དང་དབྱིན་ཇི། འཇར་མན་སོགས་རྒྱལ་ཁབ13ནས་ཡོང་བའི་དགེ་རྒན་དང་སློབ་ཆེན་པ། ལས་རིགས་ཁག་གི་མི་སྣ། དེ་མིན་གནམ་བདག་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་སོགས་ཆོས་ལུགས་ཆེན་པོ་བརྒྱད་ཀྱི་འཐུས་ཚབ་མི་སྣ་རྣམས་ཚོགས་ཐོག་ལ་ཞུགས་ནས། ནང་བསྟན་དང་ཆོས་ལུགས་གཞན་བར་གྱི་རིག་གནས་བརྗེ་རེས་དང་། ནང་བསྟན་གྱི་སྲོག་ཤིང་དུ་གྲུབ་པའི་རིན་ཐང་། གཞན་ཕན་སོགས་ནས་བགྲོ་གླེང་རྒྱ་ཆེན་པོ་གནང་བར་མ་ཟད། མཁན་པོ་བསོད་ནམས་དར་རྒྱས་དང་ཞང་ཀང་རྩིས་བཟོ་སློབ་ཆེན་གྱི་དེ་སྔའི་སློབ་གཙོ་ཕཱན་ཙོང་ཀུང་སོགས་རྒྱལ་ཁབ་ཕྱི་ནང་གི་ནང་བསྟན་གྱི་མི་སྣ་གྲགས་ཅན་དང་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྣམས་ཀྱིས་འཆད་ཁྲིད་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།